བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་གི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་དང་ཞིང་ཆེན་གྱི་བྱ་འགུལ་སྤེལ།

2018ལོའི་ཀྲུང་གོ༼ མཚོ་སྔོན ༽བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱ་འགུལ་འདི་བརྒྱུད་ནས། ཕཱ་ཁི་སི་ཐན་གྱིས་མཚོ་སྔོན་ཞིང་ཆེན་དང༼རྒྱུད་གཅིག་ལམ་གཅིག༽རྒྱལ་ཁབ་རྒྱུད་ལམ་ཀྱི་དཔལ་འབྱོར་ཚོང་དོན་བརྗེ་རེས་མཉམ་འབྲེལ་ཁྲོད་ལ་ནུས་པ་མི་དམན་པ་ཐོན་ཞིང་། ཕཱ་ཁི་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། ལོ་ངོ་མང་པོའི་མཛའ་བརྩེ་དྲོན་མོ་རྨང་གཞི་བྱས་ནས་སྐབས་བཅོ་ལྔའི་རིང་གི་བོད་ལུགས་ས་གདན་གྱི་འགྲེམ་སྟོན་བྱ་འགུལ་འདིས་ཕཱ་ཁི་སི་ཐན་གྱི་རིག་གནས་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་བརྗེ་རེས་ཀྱི་འབྲེལ་ལམ་ཡངས་པོར་ཕྱེས།

སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཕཱ་ཁི་སི་ཐན་གྱི་བྱ་འགུལ་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

ཕཱ་ཁི་སི་ཐན་ནི་བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུའི་སྟེང་གི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཅིག་ཡིན་དགོས་པ་ནི་མཚོ་སྔོན་གྱིས་ཤུགས་ཆེན་པོས་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་ཚོང་དོན་བརྗེ་རེས་མཉམ་འབྲེལ་གྱི་རྣམ་པ་གསར་བ་འདི་ཉིད་ཕྱིར་བསྒྲགས་དང་། འདྲ་མཉམ་གཉིས་ཕན། དགེ་མཚན་མཉམ་སྤྱོད། གོམ་པ་རིམ་བགྲོད་བཅས་བྱས་ཏེ་ལོ་རེར་ཐེངས་རེར་སྒྲུབ་བཞིན་པའི་བོད་ལུགས་ས་གདན་གྱི་སྟེགས་བུ་འདི་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མུ་མཐུད་ནས་ཕཱ་ཁི་སི་ཐན་གྱི་ཚོང་དོན་བརྗེ་རེས་ཕྱོགས་ལ་སྐས་རིམ་གསར་བ་ཞིག་བསྐྲུན་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐན་ཅིན་ཁྲིན་གྱིས་ཤིས་ཚིག་འབུལ་བཞིན་པ།

གཞན་ད་དུང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་བྱ་འགུལ་དེའང་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས་ཤིང་། དབྱི་ལིང་དང་ཨ་ཧྥུའུ་ཧན། ནེ་པ་ལ། རྒྱ་གར་སོགས་ཀྱི་ཚོང་ལས་མཐུན་ཚོགས་ཀྱི་འགན་འཛིན་པ་དང་། ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་སྤྱི་ཁྱབ་ཚོགས་པ་སོགས་རྒྱལ་ཁབ་ཕྱི་ནང་ནས་ཐོན་པའི་སྐུ་མགྲོན་མང་པོ་ཐེངས་འདིའི་བྱ་འགུལ་ལ་ཞུགས།

ཕཱ་ཁི་སི་ཐན་གྱི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་ཨ་མེན་གྱིས་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་དང་ཞིན་ཅང་གཉིས་ནི་རང་རྒྱལ་གྱི་ནུབ་བྱང་དུ་གནས་པ་དང་ཕན་ཚུན་གྱི་བར་ཐག་ཀྱང་ཉེ་བ་མ་ཟད། འབྲེལ་ལམ་ཡང་ཧ་ཅང་ཟབ། 2012ལོར་ཕན་ཚུན་གྱི་བར་ལ་མཉམ་ལས་གཏིང་ཟབ་ཀྱི་གྲོས་མཐུན་བཀོད་པ་ནས་བཟུང་། ས་ཁུལ་གཉིས་ཀྱི་དཔལ་འབྱོར་མུ་མཐུད་ནས་གོང་འཕེལ་བྱུང་བ་དང་འབྲེལ་མཐུད་ཀྱི་ཚད་ཀྱང་ཉིན་རེ་བཞིན་ཇེ་མཐོར་ཕྱིན་པས། ས་ཁུལ་མཉམ་ལས་ཀྱི་འབྲེལ་འདྲིས་མུ་མཐུད་ནས་གཏིང་ཟབ་སྒོས་སྤེལ་བ་དང་། ལྷག་པར་བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་བཙུགས་པ་ནས་ད་ལྟའི་བར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ས་གདན་ཐོན་སྐྱེད་ཁེ་ལས་ཀྱིས་མཚོ་སྔོན་བོད་ལུགས་ས་གདན་ལ་རྒྱབ་སྐྱོར་གང་ལེགས་གནང་སྟེ་བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་བླ་མེད་བཞག

ཕཱ་ཁི་སི་ཐན་འཆར་གཞི་འཕེལ་རྒྱས་བཅོས་བསྒྱུར་པུའུ་ཡི་དཔལ་འབྱོར་རྒྱུ་ལམ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རིན་ལཱ་ཞི་ཏིས་གཏམ་བཤད་གནང་བཞིན་པ།

དེ་དང་མཉམ་དུ། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་ཇུས་འགོད་དང་ཞིབ་འཇུག་གསར་གཏོད་ཀྱི་ཐད་ལ་ཤུགས་བསྣན་ནས། ཞིན་ཅང་གི་ས་གདན་ལག་ཤེས་དང་ས་ཁམས། ལུག་བལ་སོགས་ཀྱི་མཚོན་རྟགས་བཟོས་ཏེ། ཞིན་ཅང་གི་ས་གདན་ཡང་མཚོ་སྔོན་ས་གདན་འགྲེམ་སྟོན་ཚོགས་འདུ་བརྒྱུད་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྟེགས་བུར་བསྐྱོད་པར་ཧུར་བརྩོན་བྱ་རྒྱུ་རེད།

སྐུ་མགྲོན་གཙོ་བོའི་ཞིང་ཆེན་ཞིན་ཅང་གི་བྱ་འགུལ་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་བང་ཞིས་པིན་གྱིས་ཤིས་ཚིག་འབུལ་བཞིན་པ།


ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞའེ་ཆིན་གྱིས་གཏམ་བཤད་གནང་བཞིན་པ།