ཤམ་བྷ་ལ་སྦྲ་གུར་བཟོ་གྲྭས་བོད་ཀྱི་ལག་ཤེས་བཟོ་ལས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ།

          ཤམ་བྷ་ལ་སྦྲ་གུར་བཟོ་ཚོང་ལྟེ་གནས་ནི2010ལོར་བཙུགས་པ་ཡིན་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་རྒྱུད་ཚོང་ར་ན་ཡོད། བཟོ་གྲྭ་འདིས་གཙོ་བོ་འཛད་སྤྱོད་པའི་འདོད་མོས་ལྟར་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྦྲ་གུར་སྣ་ཚོགས་ཇུས་འགོད་དང་། ལས་སྣོན། ཕྱིར་འཚོང་བཅས་བྱེད་བཞིན་ཡོད་ལ། ལས་བཟོ་བ་མི་བཅོ་ལྔ་ལྷག་ཡོད། གཞན་ད་རུང་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་གཞན་དག་ནའང་གནའ་དེང་ཟུང་འབྲེལ་སྒོས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་གུར་དང་། ལག་ཤེས་བཟོ་རྩལ་སྣ་ཚོགས་ཇུས་འགོད་དང་ཕྱིར་འཚོང་བྱེད་བཞིན་ཡོད་པས། འཛད་སྤྱོད་མཁན་དག་གིས་ཀྱང་དགའ་བསུ་མི་དམན་པ་ཞིག་ཐོབ་པ་རེད།

          ལོ་མང་པོར་སྦྲ་གུར་གསར་སྐྲུན་དང་ཇུས་འགོད་བྱས་པ་བརྒྱུད་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ། འཐུས་སྒོ་ཚང་བའི་ལག་རྩལ་དང་ཐོན་སྐྱེད་རྟེན་གཞི། ཚོང་རའི་མ་ལག  སྤུས་ལེགས་རྒྱུ་ཆ། སྔོན་ཐོན་གྱི་སྒྲིག་ཆས་སོགས་ལ་བརྟེན་ནས་ད་ལྟའི་བར་དུ།  སྦྲ་གུར་སྟོང་ཕྲག་ལྷག་ཕྱིར་འཚོང་དང་ཇུས་འགོད་བྱས་ཟིན་པས་གྲོང་སྡོད་བོད་མི་དང་རོང་འབྲོག་མང་ཚོགས་སུ་ཡིན་རུང་། གལ་ཏེ་ཁྱེད་ལ་དབྱིབས་དང་རྒྱུ་ཆ་མི་འདྲ་པའི་སྦྲ་གུར་གང་ཞིག་མཁོ་ན་ཤམ་བྷ་ལ་སྦྲ་གུར་བཟོ་གྲྭ་ལ་འབྲེལ་གཏུགས་བྱོས་དང་། འདི་ལས་ཁྱེད་ཀྱི་འདོད་མོས་ལྟར་སྦྲ་གུར་སྣ་ཚོགས་བཟོས་ཆོག     འབྲེལ་གཏུགས་བྱ་ཡུལ། ཤམ་བྷ་ལ་སྦྲ་གུར་བཟོ་གྲྭ 13119735822དང་ཡང་ན 13139050909།  སྡོད་གནས། ཟི་ལིང་གྲོང་ཁྱེར་ནུབ་རྒྱུད་ཚོང་ར།

ལས་བཟོ་བ་དག་གིས་རས་གུར་ཕུབ་བཞིན་པ།

ཤམ་བྷ་ལ་སྦྲ་གུར་བཟོ་གྲྭ་ནས་ཐོན་པའི་རས་གུར།