རང་ཞིང་གི་རྩལ་སྦྱོང་ཁང28ལ་འཛིན་བྱང་མི་དགོས་པ་བཟོས་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས4ཉིན་གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི་ལུས་རྩལ་ཁང28ཀྲུང་དབྱང་གི2018ལོའི་ནོར་སྲིད་མ་དངུལ་ཁ་གསབ་རོགས་སྐྱོར་ཁྱབ་ཁོངས་བྱ་བའི་ཇུས་གཞིའི་ཁྲོད་བཞག་པ་དང་། དེས་རང་ཞིང་གི་མང་ཚོགས་ལ་མུ་མཐུད་དུ་ཟི་ལིང་གྲོང་ཁྱེར་གྱི་ལུས་རྩལ་ཁང་དང་མཚོ་སྔོན་ལུས་རྩལ་ལྟེ་གནས་སོགས་ཞིང་ཆེན་ཡོངས་ཀྱི་ས་གནས་མི་འདྲ་བ28རིན་མེད་སྒོས་ཕྱིར་གཏོང་ཕན་བདེ་བསྐྲུན་པ་དེ་མཚོན་པར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཁང་དུ་རྐང་གྲུག་སྤོ་ལོ་དང་ཐེན་ཅིན། སྒོ་གཏན་སྤོ་ལོ། དྲ་འཕེན་སྤོ་ལོ། ལུས་སྦྱོང་ཡོ་བྱད་སོགས་ཡོད་ལ། ཕྱིར་གཏོང་དུས་ཚོད་ནི་ཉིན་རེའི་ཞོགས་པའི་དུས་ཚོད6དང་ཕྱེད་ཀ་ནས་དགོང་མོའི་དུས་ཚོད6གི་བར་ཡིན། མཚོ་སྔོན་ལུས་རྩལ་ལྟེ་གནས་ལུས་རྩལ་ཁང་གིས་ཕང་ཕིང་སྤོ་ལོ་དང་སྟེགས་གྲུག་སྤོ་ལོ།དྲག་རྩལ།    མི11གིས་གྲུབ་པའི་རྐང་ཀྲུག་སྤོ་ལོ། བག་ལ་ཞ་བའི་རྩལ་ཤུགས་ཕྱིར་སྔོན་བྱེད་པ། མི5ཡིས་གྲུབ་པའི་རྐང་གྲུག མི7གྱིས་གྲུབ་པའི་རྐང་གྲུག ཁང་ཕྱིའི་སྤོ་ལོ། ལུས་སྦྱོང་གོམ་བགྲོད། ལུས་སྦྱོང་ཡོ་བྱད་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད། ལུས་རྩལ་ཁང་གིས་ལག་བསྟར་བྱས་པའི་རྣམ་གྲངས་ལ་བྱ་སྒྲོའི་སྤོ་ལོ་དང་མཆོང་ལྡིང་། ཁང་བའི་ནང་གི་སྤོ་ལོ། ཆུར་རྐྱལ་སོགས་ཡོད།

དེ་ལས་གཞན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྣ་འཛོམས་ལུས་རྩལ་ཐང་ཆེན་གྱི་སྒོ་འབྱེད་དུས་ཚོད་ཉིན330ལས་བརྒལ་ཡོད་ལ། ཉིན་རེའི་སྔ་དྲོ་དུས་ཚོད9ནས་ཕྱི་དྲོའི་དུས་ཚོད18བར་ནི་ཕྱི་ལ་སྒོ་འབྱེད་བྱེད་པའི་དུས་ཚོད་ཡིན་ལ། དུས་ཆེན་དང་གུང་གསེང་གི་ཉིན་ཧྲིལ་པོར་ཕྱི་ལ་སྒོ་འབྱེད་བྱས་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ལུས་རྩལ་ཐང་ཆེན་གྱིས་གཟའ་འཁོར་རེའི་ཕྱི་ལ་སྒོ་འབྱེད་བྱས་པའི་དུས་ཚོད་ནི་དུས་ཚོད98གྱི་ཡན་ལ་སླེབས་ཡོད་ལ། ལོ་ཧྲིལ་པོའི་སྒོ་འབྱེད་ཀྱི་དུས་ཚོད་ནི་ཉིན365ཡིན། གུང་གསེང་ཉིན་དང་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གུང་གསེང་ཉིན་མོ། སློབ་གྲྭའི་དབྱར་དགུན་གནང་གི་དུས་ཚོད་སོགས་སུ་ཉིན་ཧྲིལ་པོར་ཕྱི་ལ་སྒོ་འབྱེད་བྱས་ཡོད། དགའ་བདེ་རྫོང་ལུས་རྩལ་ཁང་གིས་ལོ་ཧྲིལ་པོའི་ཉིན་མང་ཤོས་ལ་ཕྱི་ལ་སྒོ་འབྱེད་བྱས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་ཐང་ཆེན་གྱི་ས་གནས་སོ་སོའི་ས་གནས་ཀྱིས་རྣམ་གྲངས་མི་འདྲ་བ་སོ་སོ་ཉིན་ཧྲིལ་པོར་དུས་ཚོད་གཏན་ཁེལ་ལྟར་སྒོ་འབྱེད་བྱས་ཤིང་གཟའ་མཇུག་དང་བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་གུང་གསེང་ཉིན་ཧྲིལ་པོར་སྒོ་འབྱེད་བྱས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་ཐང་ཆེན་གྱི་ལུས་སྦྱོང་ཁང་དང་དྲ་འཕེན་སྤོ་ལོ་ཁང་། བྱ་སྒྲོ་སྤོ་ལོ་ཁང་། ཕང་ཕིང་སྤོ་ལོ་ཁང་སོགས་ཉིན་ཧྲིལ་པོའི་གཟའ་མཇུག་དང་གུང་གསེང་མ་ཡིན་པར་རིན་མེད་སྒོས་ཕྱི་ལ་སྒོ་འབྱེད་བྱས་ཡོད། མཚོ་ནུབ་ཁུལ་ལུས་རྩལ་ལྟེ་གནས་ལོ་ཧྲིལ་པོར་རིན་མེད་སྒོས་ཕྱི་ལ་སྒོ་འབྱེད་བྱས་ཤིང་། དེའི་ཁྲོད་རྐང་རྩེད་སྤོ་ལོ་དང་རྒྱང་རྒྱུགས། དྲ་འཕེན་སྤོ་ལོ། བྱ་སྒྲོའི་སྤོ་ལོ་ཁང་། ལུས་སྦྱོངས་ཁང་སོགས་འདུས་ཡོད།

ལོ་འདི་དག་གི་རིང་ལ། རྒྱལ་ཁབ་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡི་དོ་ཁུར་དང་རྒྱབ་སྐྱོར་འོག  ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ལུས་རྩལ་ཁང་དག་གིས་ལུས་རྩལ་བྱ་གཞག་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱས་ཤིང་། ཕྱི་ལ་སྒོ་འབྱེད་བྱེད་པའི་ཚད་གཞི་ཡང་ཇེ་ཆེར་བཏང་བ་རེད། འདི་ནི་ལུས་རྩལ་དམངས་ཕན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ཞིང་གི་ལུས་རྩལ་ཁང་ཆེན་པོ་དག་གིས་མང་ཚོགས་ཀྱི་དགོས་མཁོའི་ཁྱད་ཆོས་གཞིར་བཟུང་ནས་གཟའ་མཇུག་གི་ཉིན་མོའི་དུས་ཚོད་ཕྱིར་གཏོང་བྱས་ཏེ་ཐང་ཆེན་གྱི་བེད་སྤྱོད་ཚད་གཞི་མཐོར་འདེགས་སུ་གཏོང་བ་འཐུས་ཚང་ཅན་དུ་བཏང་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དུས་ཡུན་རིང་ཞིང་མང་ཚོགས་ཀྱི་ལུས་སྦྱོང་བདེ་ཐང་སྔར་ལས་གསོན་ཉམས་ཅན་དུ་བཏང་ཡོད།

དེའི་རྐྱེན་གྱིས་ཐང་རྩལ་ཁང་དག་གིས་ས་གནས་མང་ཚོགས་ལ་ཞབས་ཞུ་བྱེད་པར་འགན་བཅོལ་བྱས་ཤིང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གྲོང་ཁྱེར་དང་ཁུལ། རྫོང་ས་ཁུལ་བཅས་ཀྱི་དྲ་ཚིགས་སྟེང་སྤྱི་བསྒྲགས་བྱས་པའི་རྨང་གཞིའི་སྟེང་ཡང་བསྐྱར་ས་གནས་སོ་སོའི་ལུས་རྩལ་ཁང་མང་པོ་ཞིག་རིན་མེད་སྒོས་ཕྱི་ལ་སྒོ་འབྱེད་བྱེད་པ་དེ་མང་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་གཞུང་གཉེར་དྲ་བའི་སྟེང་ནས་ཀློག་འདོན་བྱེད་ཐུབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།