ཀླུ་ཆུའི་སྐབས་བདུན་པའི་སྐོར་བྲོ་འགྲན་བསྡུར་གྱི་མིང་ཐོ་འགོད་པའི་མགོ་བརྩམས་པ།

སྐོར་བྲོ་ནི་བོད་ཀྱི་དམངས་སྲོལ་རིག་གནས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ལས་ཕུན་སུམ་ཚོགས་པའི་བོད་ཀྱི་བྲོ་གར་རིག་གནས་མངོན་ཐུབ་པར་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྒྲོག་དང་མི་རིགས་ཀྱི་འཚོ་བའི་རྣམ་པ་ངོམ་ཐུབ་པའི་དམིགས་བསལ་འཁྲབ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ས་གནས་ཀྱི་དམིགས་བསལ་དམངས་སྲོལ་འཚོ་བའི་རྣམ་པ་དང་ཡུན་རིང་བའི་ཆོས་ལུགས་རིག་གནས། མི་དམངས་ཀྱི་འཚོ་བའི་གོམས་སྲོལ་སོགས་མཚོན་པའི་སྲོལ་རྒྱུན་རིག་གནས་ཞིག་ཀྱང་ཡིན། ཀླུ་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་དྲིལ་སྒྲོག་དང་རྫོང་གིས་ཕྱི་ཡུལ་ལ་བཞག་པའི་ཤུགས་རྐྱེན་ཚད་ཆེ་རུ་གཏོང་བ། རྫོང་གི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་དང་ཡུལ་སྐོར་རིག་གནས་ལས་དོན་གྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད།  ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།  ཀླུ་ཆུ་རྫོང་སྐོར་བྲོ་མཐུན་ཚོགས་བཅས་ཀྱི་ཞིབ་འཇུག་བྱས་པ་བརྒྱུད། “ཀྲུང་གོ·ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་སྐབས་བདུན་པ་དང་རླངས་འཁོར་ཁང་པའི་རིག་གནས་ཡུལ་སྐོར་ཚོགས་ཆེན་སྐབས་གཉིས་པ”2018ལོའི་ཟླ7པའི་ཚེས25ནས་ཚེས29བར་ཀླུ་ཆུ་རྫོང་ཤྭ་རྩི་ཐང་སྤང་ཐང་ནས་བསྡུ་རྒྱུ་གཏན་འཁེལ་བྱས་པ་རེད།   འཁྲབ་སྟོན་གྱི་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་གཤམ་གསལ་ལྟར།

འཁྲབ་སྟོན་གྱི་དོ་སྣང་བྱ་ཡུལ།

1. འགྲན་བསྡུར་རིགས་གཉིས་བགར་ཡོད་ལ། སྔ་མའི་སྐོར་བྲོ་དང་དེང་རབས་སྐོར་བྲོ་འགྲན་བསྡུར།

2.སྔ་མའི་བྲོ་གླུའི་རིང་ཚད་ལ་སྐར10དང་དེང་རབས་བྲོ་གླུའི་རིང་ཚད་སྐར8ཡིན་དགོས།

3.འཁྲབ་ཞུགས་གླུ་དབྱངས་བོད་ཀྱི་སྐོར་བྲོའི་གླུ་དབྱངས་ཡིན་དགོས།

4.ཀན་ལྷོ་ཁུལ་ཕྱིའི་འགྲན་ཞུགས་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་པའི་མི་གྲངས40ལས་ཉུང་མི་རུང་།  ཀན་ལྷོ་ནང་ཁུལ་གྱི་འགྲན་ཞུགས་འཐུས་ཚབ་རུ་ཁག་གི་འཁྲབ་སྟོན་པའི་མི་གྲངས་མི60ལས་ཉུང་མི་རུང་།

5.འགྲན་ཞུགས་རུ་ཁག་གི་སྡོད་གནས་དང་བཟའ་བཏུང་གཙོ་སྒྲུབ་ཁང་གིས་འགན་ལེན་བྱེད་ངེས།  བཟའ་བཏུང་དང་ལམ་གླ་སོགས་རང་ཆས་བྱ་དགོས།

མིང་ཐོ་འགོད་སྟངས།  

1.རྫོང་ཕྱིའི་འགྲན་ཞུགས་རུ་ཁག་གིས་དྲ་ལམ་དང་བརྙན་སྐྱེལ་ཁ་པར་གྱི་རྣམ་པས་མིང་ཐོ་བཀོད་ཆོག (ཡིག་ཟམ:344156478@qq.com, བརྙན་སྐྱེལ(传真)ཁ་པར:0941-6621670)། ཀླུ་ཆུ་རྫོང་གི་འགྲན་ཞུགས་རུ་ཁག་གིས་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ངམ(རྫོང་སྲིད་གཞུང་སྲིད་འཛིན་ལྟེ་གནས་ནུབ་ཕྱོགས་ཀྱི་ཉིས་ཐོག)ནས་མིང་ཐོ་འགོད་དགོས།  མིང་ཐོ་འགོད་ཡུན2018ལོའི་ཟླ7པའི་ཚེས15ཉིན་བར་ཡིན།

2.འཁྲབ་སྟོན་ལ་ཐོག་མའི་དཔྱད་འདེམས་དང་མཐའ་མའི་དཔྱད་འདེམས་བགར་དགོས་པས།  འགྲན་ཞུགས་རུ་ཁག་གིས་སྐོར་བྲོའི་བརྙན་གྱི་རྒྱུ་ཆ (སྡོད་གནས།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང། སྦྲགས་ཨང་།747200 ཡིག་ཟམ:344156478@qq.com)སྐུར་དགོས། བརྩམས་ཆོས་ལ་ཐོག་མའི་དཔྱད་འདེམས་བྱས་ནས་བརྡ་སྦྱོར་འབྱོར་མཁན་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་ཆོག      འབྲེལ་གཏུགས་བྱེད་སའི་མི་སྣ། ཏོན་ཡུའུ་ཏིས། 18894115680ཏ་རེ་མཚོ།13893903330

བྱ་དགའ་སྟེར་སྟངས།

ད་ལོའི་འགྲན་བསྡུར་ལ་སྔ་མའི་སྐོར་བྲོ་དང་དེང་རབས་སྐོར་བྲོ་རིགས་གཉིས་སུ་དགར་ཡོད་ལ། བྱ་དགའ་སྟེར་སྟངས་ཡང་རིགས་གཉིས་སུ་ཕྱེ།  དེ་དང་མཉམ་དུ་ཨང་དང་པོ་ནས་དྲུག་པ་དང་རྩ་འཛུགས་བྱ་དགའ་གསུམ།  བསམ་བློའི་དཔལ་ཡོན་གྱི་བྱ་དགའ་རེ་འགའ་ཡོད།  

1.སྔ་མའི་སྐོར་བྲོ། ཨང་དང་པོ་གཅིག བྱ་དགའི་དངུལ་སྒོར་ཁྲི20། ཨང་གཉིས་པ་གཉིས།  བྱ་དགའི་དངུལ་སོ་སོར་སྒོར་ཁྲི10།  ཨང་གསུམ་པ་གསུམ།  སོ་སོར་བྱ་དགའི་དངུལ་སྒོར་ཁྲི5རེ་ཡོད།  

2.དེང་རབས་སྐོར་བྲོ། ཨང་དང་པོ་གཅིག བྱ་དགའི་དངུལ་སྒོར་ཁྲི15། ཨང་གཉིས་པ་གཉིས།  བྱ་དགའི་དངུལ་སོ་སོར་སྒོར་ཁྲི8།  ཨང་གསུམ་པ་གསུམ།  སོ་སོར་བྱ་དགའི་དངུལ་སྒོར་ཁྲི3རེ་ཡོད།  

3.ཕུལ་བྱུང་རྩ་འཛུགས་བྱ་དགའ་གསུམ། སོ་སོར་སྒོར་ཁྲི1རེ་ཡོད།  

4.  བསམ་བློའི་དཔལ་ཡོན་གྱི་བྱ་དགའ།    སོ་སོར་སྒོར་ཁྲི1རེ་ཡོད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།