ཡུལ་ཤུལ་གྲོང་ཁྱེར་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོང་གི་ཉིན་མོར་བྱ་འགུལ་སྤེལ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་དོན།ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཨང་དང་པོ་བཞག་སྟེ་རང་གི་མིག་འབྲས་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་ནན་ནན་ཏིག་ཏིག་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་བརྗོད་དོན་ཕྱོགས་ཡོངས་ནས་ལག་ལེན་དང་དོན་འཁྱོལ་ཡོང་ཆེད།ཟླ6པའི་ཚེས5ཉིན།ཡུལ་ཤུལ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་ཤུལ་གྲོང་ཁྱེར་ནགས་ལས་ཅུའུ་གཉིས་ཀྱིས་མཛེས་སྡུག་གི་ཀྲུང་གོ ང་ནི་ཁྱེད་རང་བསྐྲུན་མཁན་ཡིན་ཞེས་པའི་བརྗོད་དོན་གཞིར་བཟུང་སྟེ་ཁམས་པའི་སྒྱུ་རྩལ་ལྟེ་གནས་ཐང་ཆེན་ཏུ“6·5”འཛམ་གླིང་ཁོར་ཡུག་སྲུང་སྐྱོང་གི་ཉིན་མོ་ལ་དྲན་གཟོ་ཞུ་བའི་བྱ་འགུལ་སྤེལ་བ།

ཐེངས་འདིའི་བྱ་འགུལ་ཁྲོད་དུ་ནག་ལས་ཅུའུ་ཡི་ཅུས་ཀྲང་གཞོན་པ་རྡོ་བཟང་པོ་ཡིས་ནགས་ལས་ཅུའུ་ཡི་ལས་བྱེད་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་དྲིལ་བསྒྲགས་བྱས་པ་དང་།གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་རྣམས་ཀྱིས་ལག་རྡང་སྦྲེལ་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་ལེན་བྱས་ནས་བློ་སེམས་འགྱུར་མེད་ཀྱིས་ལྗང་མདོག་གྱི་ཁྱིམ་གཞི་གསར་བ་འཛུགས་སྐྲུན་འབད་པ་བྱེད་དགོས་པའི་གཏམ་གླེང་བྱས་པ་རེད།

ཡུལ་ཤུལ་གྲོང་ཁྱེར་ཁོང་ཡུག་སྲུང་སྐྱོབ་དང་ནག་ལས་ཅུའུ་གཉིས་ཀྱི་ ལས་བྱེད་མི་སྣ་བཞི་བཅུ་ལྷག་ཐེངས་འདིའི་བྱ་འགུལ་དུ་ཞུགས་ནས་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་བེད་སྤྱོད་ལག་དེབ4000ལྷག་དང་ཁོར་ཡུག་སྲུང་སྐྱོབ་གྲོས་ཡིག4000ལྷག་བྱིན་པ་དང་ཡུལ་དངོས་ནས་མི60ལྷག་ལ་ཁོར་ཡུག་སྲུང་སྐྱོབ་དང་ཁྲིམས་སྲོལ་གྱི་ཕྱོགས་ནས་བཅར་འདྲི་བྱས་ནས་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དང་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་འདུ་ཤེས་སྔར་ལས་ལྷག་པའི་གོང་འཕེལ་དུ་བཏང་བ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།