ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།

ཟླ་དྲུག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཧ་སག་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཡང་ཡིན། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བ་དེ་ཁྱིམ་མཚེས་མཛའ་མཐུན་འབྲེལ་བའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་ཧ་སག་སི་ཐན་རྒྱལ་ཁབ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པའི་བགྲོད་ལམ་དུ་མདུན་སྐྱོད་བྱེད་པ་གསར་སྐྲུན་བྱས་ཏེ། མིའི་རིགས་ཀྱི་སྔར་ལས་འོད་སྟོང་འབར་བའི་མ་འོངས་པར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕུགས་འདུན་དང་ཧ་སག་སི་ཐན་གྱི་ཕུགས་འདུན་ལས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་འདུ་ཤེས་དང་དེ་མིན་ང་ཚོས་མཛེས་པའི་མ་འོངས་པར་རེ་སྙེག་བྱེད་པ་མཚོན་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀ་མཉམ་དུ་མདུན་སྐྱོད་བྱེད་པ་དང་ཕན་ཚུན་ལ་རོགས་འདེགས་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཧ་སག་སི་ཐན་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ངན་ཤུགས་གསུམ་སོགས་ཕྱོགས་ཀྱི་མཉམ་ལས་ལ་རྡུང་རྡེག་བྱེད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་འདོད་ཡོད་ཟེར།

ན་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་སག་སི་ཐན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཀྲུང་གོས་དུས་ཡུན་རིང་བོར་ཧ་སག་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ངན་ཤུགས་གསུམ་ལ་རྡུང་རྡེག་བྱེད་པར་མ་ཟད། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྤྱི་ཁོག་ནང་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།