བོད་ཀྱི་ཁེ་ལས་ཀྱིས་ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་གསོན་ཤུགས་གསར་པ་བསྩལ་བ།

 

ཁེ་ལས་འོས་སྦྱོར།  

2018ལོའི་སྤྱི་ཟླ6པའི་ཚེས9ཉིན་ལ། ཟི་ལིང་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟི་ལིང་ལྷོ་རི་གླིང་ག་རུ་འཚོགས་ཤིང་། སྤྱི་ཚེས10ཉིན་བདེ་བླག་ངང་ཡོངས་སུ་མཇུག་རྫོགས།

ཐོན་རྫས་ཉོ་ཚོང་།

ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག ཟི་ལིང་གྲོང་ཁྱེར་གྱི་བོད་ཀྱི་ལས་ཁུངས་སོ་སོ་དང་། སློབ་ཆེན་ཁག ཁེ་ལས་སྡེ་ཁག་སོ་སོ་གཙོ་བྱས་ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ། མཚོ་ནུབ། མཚོ་བྱང་སོགས་ཡུལ་ལུང་ཁག་གི་སྤུན་ཟླ་རྣམས་ལྷན་དུ་འཛོམས་ཞིང་། མཉམ་གཅིག་ཏུ་མི་རིགས་རང་གི་གླུ་དང་ཞབས་བྲོ། གོས་རྒྱན་ངོམ་སྟོན་ལ་སོགས་པའི་རིག་རྩལ་འཁྲབ་སྟོན་དང་། སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར། མིག་མངས་འགྲན་བསྡུར། གཞན་ཐོན་རྫས་འོས་སྦྱོར་དང་ཉོ་ཚོང་། ཁེ་ལས་དྲིལ་སྒྲོག་ལ་སོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་འདུག་པས་དུས་ཆེན་གྱི་ནང་དོན་སྔོན་ཆད་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ལྷག་པར་འཇིགས་མེད་བོད་སྨན་དང་། ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ། མཚོ་སྔོན་མདོ་དབུས་རྒྱལ་སྤྱིའི་ཡུལ་སྐོར་སྤྱི་གཉེར་ཁང་། གཙན་ཚའི་སྲིན་པོ་མི་རིགས་རིག་གནས་ཚད་ཡོད་ཀུང་སི། གེ་སར་ནང་མ།   ཤྭ་བ་སྦྲ་གུར་བཟོ་ཚོང་ལྟེ་གནས། ཨ་མ་ལོ་ལོ་བོད་ཟས་གླུ་གར་ཁང་སོགས་གྲོང་ཁྱེར་དང་ས་གནས་ཀྱི་ཁེ་ལས་ཆེ་འབྲིང་ཆུང་གསུམ་མང་པོ་ཡང་སླེབས་ཡོད་པས་ཐེངས་འདིའི་དུས་ཆེན་ལ་གསོན་ཤུགས་གསར་པ་ཞིག་བསྩལ་འདུག །

ཐོན་རྫས་འོས་སྦྱོར་ལ་ལྟ་བ།

སྲིན་པོ་བོད་སྤོས་འོས་སྦྱོར་བྱེད་པ།

  

སྲིན་པོ་བོད་སྤོས་ཐོན་རྫས།

གངས་རྒྱན་སློབ་གྲྭའི་འཁྲབ་སྟོན་པ་ཆུང་ཆུང་ཚོ།

རས་གུར་ཡག་ཤོས།

ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི1983ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ས་ཁུལ་གྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རིག་གནས་རོལ་རྩེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་དམིགས་ཏེ་སྒྲུབ་པའི་བྱ་འགུལ་ཞིག་རེད། ལོ་རེའི་ཟླ་དྲུག་པའི་གུང་གསེང་དང་པོ་ལ་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བར་གཏན་ཁེལ་བྱས་ཞིང་། 2004ལོར་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས2003ལོའི་ཡིག་ཆ(22)ལྟར། ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱེད་པར་མངགས་བཅོལ་བྱས་པ་མ་ཟད། 2006ལོར་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་བསྒྱུར་བཅོས་བྱས།


དུས་ཆེན་རོལ་བའི་ཟུར་ཞིག

དུས་ཆེན་གྱི་ཟུར་ཞིག

དུས་ཆེན་གྱི་ཟུར་ཞིག

མདའ་འཕེན་པའི་ཡུལ་དངོས།

བོད་མོས་ཁ་ཟས་བཟོ་བ།

དུས་ཆེན་གྱི་ཟུར་ཞིག

དུས་ཆེན་གྱི་ཟུར་ཞིག