འཕྲུལ་སྒུལ་འཁོར་ལོ་བཙན་ཤེད་ཀྱིས་བེད་མེད་དུ་གཏོང་བའི་ཚད་གཞི།

༢༠༡༢ལོའི་ཟླ་༨པའི་ཚེས༢༤ཉིན།   ཚོང་དོན་པུའི་ཐེངས༦༨པའི་སྡེ་ཁག་གི་ལས་དོན་གྲོས་ཚོགས་ལས་གྲོས་ཞིབ་གྲོས་འཆམ་བྱུང་བ་མ་ཟད།  རྒྱལ་ཁབ་་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་།   སྤྱི་བདེ་པུའུ།   ཁོར་ཡུག་སྲུང་སྐྱོང་པུའུ་འཐད་པ་བྱུང་བར།   ༢༠༡༢ལོའི་ཟླ༡༢པའི་ཚེས༢༧ཉིན་ཚོང་དོན་པུའི།  རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་།   སྤྱི་བདེ་པུའུ།  ཁོར་ཡུག་སྲུང་སྐྱོང་པུའུ་ཡི་བཀའ་རྒྱ།  ༢༠༡༢ལོའི་ཐེངས་༡༢ཁྱབ་བསྒྲགས་བྱས་པ།  ༢༠༡༣ལོའི་ཟླ༥པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱས་བ།

ལེའུ་དང་པོ།   གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱེད་ཆེད་དང་།   ལག་རྩལ་ཡར་ཐོན་འགྲོ་བར་སྐུལ་འདེབས།  ཐོན་ཁུངས་གྲོན་ཆུང་ཅན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བར།  ཁོར་ཡུག་དང་སྦྱི་ཚོགས་མཛའ་མཐུན་ཅན་བཅས་ལ་དམིགས་ནས།   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སུན་སྒྲའི་སྦགས་བཙོག་འགོག་སེལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རླུང་ཁམས་ཁོར་ཡུག་སྦགས་བཙོག་འགོག་སེལ་བཅའ་ཁྲིམས》བཅས་ཀྱི་གཏན་འབེབས་འདི་བཟོས།

ལེའུ་གཉིས་པ།   འཕྲུལ་སྒུལ་རླངས་འཁོར་གྱི་བཀོལ་སྤྱོད་དང་བདེ་འཇགས་ལག་རྩལ་བཙོག་འབུད་ཞིབ་བཤེར་གནས་ཚུལ་བཅས་ལ་གཞིར་བཟུང་ནས་བེད་མེད་དུ་གཏོང་བའི་ཚད་གཞི་ལོན་པའི་འཕྲུལ་སྒུལ་འཁོར་ལོར་རྒྱལ་ཁབ་རིམ་པས་བཙན་ཤེད་ཀྱི་བེད་མེད་དུ་གཏོང་བར་གཏན་འཁེལ་བྱས།

ལེའུ་གསུམ་པ།   ཚོང་དོན་པུའུ།   སྤྱི་བདེ་པུའུ།  ཁོར་ཡུག་སྲུང་སྐྱོང་།  འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་བཅས་ཀྱི་རང་སོ་སོའི་འགན་འཁྲི་གཞིར་བཟུང་ནས་ཕྱིར་བསྡུ་འཕྲུལ་སྒུལ་འཁོར་ལོ་རྣམས་མེད་པར་བཟོ་བར་ལྟ་སྐུལ་དང་དོ་དམ་བྱེད་དགོས་པར་མ་ཟད།   འཕྲུལ་སྒུལ་རླངས་འཁོར་བེད་མེད་དུ་གཏོང་བའི་ཚད་གཞི་ལྟར་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱ་དགོས།

ལེའུ་བཞི་བ།     ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་རླངས་འཁོར་དག་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ལྡན་ན་ངེས་བར་དུ་བཙན་ཤེད་ཀྱིས་རླངས་འཁོར་བེད་མེད་དུ་གཏོང་དགོས་བར་མ་ཟད་འཁོར་བདག་གིས་ཡང་འཕྲུལ་སྒུལ་རླངས་འཁོར་བསྡུ་གཏོར་ཁེ་ལས་སུ་སྤྲོད་དགོས།   འཕྲུལ་སྒུལ་རླངས་འཁོར་བསྡུ་གཏོར་ཁེ་ལས་ཀྱིས་ཁེ་ལས་གཏན་འཁེལ་ལྟར་ཐོ་འགོད་དང་།   རླངས་འཁོར་གཏོར་བ་ནས་མེད་བརླག་ཏུ་བཟོ་བ་སོགས་ཐག་གཅོད་དགོས་པར་མ་ཟད་བེད་མེད་དུ་བཏང་བའི་འཕྲུལ་སྒུལ་རླངས་འཁོར་གྱི་རླངས་འཁོར་ཐོ་འགོད་ལག་ཁྱེར།   རླངས་འཁོར་གྱི་ཨང་རྟགས།   རླངས་འཁོར་བགྲོད་སྐྱོད་ཆོག་པའི་ལག་ཁྱེར་སོགས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲོད་དགོས།  

གཅིག   གཏན་འབེབས་འདིའི་དོན་ཚན་ལྔ་བའི་གཏན་འབེབས་ལྟར་བེད་སྤྱོད་གཏོང་རྒྱུའི་ལོ་ཚད་ལ་ཐོན་ཡོད་པ།  

གཉིས།   བཟོ་བཅོས་དང་ལེགས་སྒྲིག་བྱས་རུང་ད་དུང་འཕྲུལ་སྒུལ་འཁོར་ལོ་དེ་རྒྱལ་ཁབ་གྱི་ད་སྤྱོད་རླངས་འཁོར་བདེ་སྲུང་ལག་རྩལ་ཚད་གཞིར་མི་འཚམ་པ།

གསུམ།    བཟོ་བཅོས་དང་ལེགས་སྒྲིག་བྱས་ཟིན་པ།  ཡང་ན་ཚོད་འཛིན་ལག་རྩལ་བཀོལ་རྗེས།  ད་དུང་རླུང་ཁམས་སུ་སྦགས་བཙོག་གཏོང་བ།  སུན་སྒྲའི་སྦགས་བཙོག་ཡང་རྒྱལ་ཁབ་ཀྱི་ད་སྤྱོད་རླངས་འཁོར་གྱི་འབྲེལ་ཡོད་གཏན་འཁེལ་དང་མི་འཚམ་པ།

བཞི།     ཞིབ་བཤེར་རྩིས་འགྲོས་དུས་ཡུན་ལས་བརྒལ་ནས་བསྟུད་མར་རླངས་འཁོར་ཞིབ་བཤེར་བྱེད་པའི་དུས་འཁོར་༣ནང་རླངས་འཁོར་ཞིབ་བཤེར་ཚད་མཐུན་གྱི་རྟགས་མཚན་ལོན་མེད་པ།

ལེའུ་ལྔ་བ།   འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་དུས་ཡུན་གཤམ་གསལ་ལྟར།

གཅིག   གླ་གཏོང་རླངས་འཁོར་ཆུང་གྲས་ལོ༨ལ་བཀོལ་སྤྱོད་བྱས་བ་དང་།   གླ་གཏོང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལོ་༡༠ལ་བཀོལ་སྤྱོད་བྱས་པ།    གླ་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལོ༡༢ལ་བཀོལ་སྤྱོད་བྱས་པ།

གཉིས།   བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ལོ༡༥བཀོལ་སྤྱོད་བྱས་པ།  

གསུམ།  ཁ་ལོ་བའི་སྦྱོང་བརྡར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལོ༡༠ལ་བཀོལ་སྤྱོད་བྱས་བ།   ཁ་ལོ་བའི་སྦྱོང་བརྡར་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལོ༡༢ལ་བཀོལ་སྤྱོད་བྱས་བ།   ཁ་ལོ་བའི་སྦྱོང་བརྡར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལོ༡༥ལ་བཀོལ་སྤྱོད་བྱས་པ།

བཞི།    སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་ལོ༡༣ལ་བཀོལ་སྤྱོད་བྱས་པ།

ལྔ།   ལས་གཉེར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལོ༡༠དང་ལས་གཉེར་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་དང་ཆེ་གྲས་ལོ༡༥ལ་བཀོལ་སྤྱོད་བྱས་པ།

དྲུག     ཆེད་སྤྱོད་སློབ་འཁོར་ལོ༡༥ལ་བཀོལ་སྤྱོད་བྱས་པ།

བདུན།    འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ཆེ་བ་དང་འབྲིང་བར་ལོ༢༠ལ་བཀོལ་སྤྱོད་བྱས་བ།

བརྒྱད་།   རྐང་གསུམ་རླངས་འཁོར།   རླངས་སྣོད་གཅིག་ཅན་གྱི་མྱུར་ཚད་དམའ་བའི་དངོས་འདྲེན་རླངས་འཁོར་ལོ༩ལ་བཀོལ་སྤྱོད་བྱས་བ་དང་།   རླངས་སྣོད་མང་པོ་ཅན་གྱི་མྱུར་ཚད་དམའ་བའི་དངོས་འདྲེན་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཆུང་གྲས་ལོ༡༢ལ་བཀོལ་སྤྱོད་བྱས་པ།   ཉེན་ཆེ་དངོས་རིགས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལོ༡༠ལ་བཀོལ་སྤྱོད་བྱས་བ།   དེ་ལས་གཞན་པའི་དངོས་སྐྱེལ་རླངས་འཁོར(ཕྱེད་འདྲུད་འདྲེན་འཁོར་དང་ཡོངས་འདྲུད་འདྲེན་འཁོར)ལོ༡༥བཀོལ་སྤྱོད་བྱས་པ།

དགུ    དངོས་ཟོག་སྐྱེལ་འདྲེན་བྱེད་ནུས་པའི་ཆེད་སྒྲུབ་རླངས་འཁོར་ལོ༡༥ལ་བཀོལ་སྤྱོད་བྱས་བ་དང་།   དངོས་ཟོག་སྐྱེལ་འདྲེན་བྱེད་ནུས་མེད་པའི་ཆེད་སྒྲུབ་རླངས་འཁོར་ལོ༣༠ལ་བཀོལ་སྤྱོད་བྱས་བ།

བཅུ།    ཡོངས་འདྲུད་འདྲེན་འཁོར་དང་ཉེན་ཆེ་དངོས་རིགས་ཕྱེད་འདྲུད་འདྲེན་འཁོར་ལོ༡༠ལ་བཀོལ་སྤྱོད་བྱས་པ།    དོས་སྒམ་ཕྱེད་འདྲུད་འདྲེན་འཁོར་ལོ༢༠ལ་བཀོལ་སྤྱོད་བྱས་བ་དང་།  གཞན་ཕྱེད་འདྲུད་འདྲེན་འཁོར་ལོ༡༥ལ་བཀོལ་སྤྱོད་བྱས་བ།

བཅུ་གཅིག   རྐང་གསུམ་སྦག་སྦག་འཁོར་ལོ་ལོ༡༢དང་སྦག་སྦག་འཁོར་ལོ་གཞན་པ༡༣ལ་བཀོལ་སྤྱོད་བྱས་པ།  བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས(གློག་སྒུལ་རླངས་འཁོར་ལས་གཞན)དང་སྦག་སྦག་འཁོར་ལོ།    ཞིང་ཆེན་དང་རང་སྐྱོང་ལྗོངས།   ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།   གོང་གསལ་ཀྱི་བེད་སྤྱོད་ལོ་ཚད་སྐོར་གཏན་འབེབས་བྱས་ཆོག་ཡང་།   བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལོ༦གི་མན་བཞག་མི་ཆོག་ལ།   རྐང་གསུམ་སྦག་སྦག་འཁོར་ལོ་ལོ༡༠མན་བཞག་མི་ཆོག    སྦག་སྦག་འཁོར་ལོ་གཞན་ལོ༡༡མན་བཞག་མི་ཆོག    འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ཆུང་གྲས་དང་འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ཆེ་གྲས།   འཁོར་དབྱིབས་ཆེད་སྤྱོད་འཕྲུལ་ཆས་བཅས་ལ་ཚོད་འཛིན་བེད་སྤྱོད་ལོ་ཚད་མེད་ལ།   འཕྲུལ་སྒུལ་འཁོར་ལོ་བཀོལ་སྤྱོད་ལོ་ཚད་འགོ་རྩོམ་པའི་དུས་འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་ཉིན་ནས་རྩིས་རྒྱག་དགོས་ལ།   བཟོ་གྲྭ་ནས་ཕྱིར་ཐོན་ནས་ལོ༢འགོར་སོང་རུང་ད་དུང་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་པ་དག་ལ་བཟོ་གྲྭ་ནས་ཕྱིར་ཐོན་དུས་ལྟར་རྩིས་རྒྱག་དགོས།.

ལེའུ་དྲུག་པ།    དངོས་སྤྱོད་རང་བཞིན་བསྒྱུར་བཅོས་བྱེད་པ་དང་ཡང་ན་ཐོ་འགོད་བརྗེ་སྤོར་བྱེད་པའི་རླངས་འཁོར་དག་གཤམ་གསལ་ལྟར་བཀོལ་སྤྱོད་བྱེད་པའི་ལོ་ཚད་ལྟར་བེད་མེད་དུ་གཏོང་དགོས།

གཅིག   འགྲུལ་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་མ་ཡིན་པའི་རླངས་འཁོར་གཉིས་ཕན་ཚུན་བརྗེ་སྤོར་བྱེད་དུས།   འགྲུལ་སྐྱེལ་རླངས་འཁོར་གྱི་གཏན་འབེབས་ལྟར་བེད་མེད་དུ་གཏོང་བ་དང་།   འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ཆུང་གྲས་དང་འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ཆེ་གྲས་གཉིས་འགྲུལ་སྐྱེལ་རླངས་འཁོར་ལ་བརྗེ་སྤོར་བྱེད་དུས་གཏན་འབེབས་འདིའི་ཟུར་བཀོད་ཡིག་ཆ་དང་པོས་ལོ་ཚད་རིམ་པ་བཞིན་རྩིས་ལྟར་ཞིབ་རྩིས་བྱེད་དགོས་བར་མ་ཟད་ལོ༡༥ལས་བརྒལ་མི་ཆོག

གཉིས   རིགས་མི་འདྲ་བའི་འགྲུལ་སྐྱེལ་རླངས་འཁོར་བར་ཕན་ཚུན་བརྗེ་སྤོར་བྱེད་དུས།   གཏན་འབེབས་ལྟར་བེད་སྤྱོད་ལོ་ཚད་ཅུང་ནན་པོའི་གཏན་འབེབས་ལྟར་བེད་མེད་ཏུ་གཏོང་དགོས།

གསུམ།    གླ་གཏོང་འགྲུལ་སྐྱེལ་ཆུང་བ་དང་སྦག་སྦག་འཁོར་ལོ་ཐོ་འགོད་ཁོངས་གཏོགས་ཞིང་ཆེན།   རང་སྐྱོང་ལྗོངས།    ཐད་གཏོགས་གྲོང་ཁྱེར་ཁྱབ་ཁོངས་ནས་ཕར་གཏོང་བྱེད་དུས་བེད་སྤྱོད་ལོ་ཚད་ཅུང་ནན་པོའི་གཏན་འབེབས་ལྟར་བེད་མེད་དུ་གཏོང་དགོས།

བཞི །     ཉེན་ཆེའི་དངོས་རིགས་སྐྱེལ་འདྲེན་རླངས་འཁོར།   འདྲུད་སྒམ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་གཞན་པ།   འདྲུད་སྒམ་རླངས་འཁོར་སོགས་ཕན་ཚུན་བརྗེ་སྤོར་བྱེད་དུས།   ཉེན་ཆེའི་དངོས་རིགས་སྐྱེལ་འདྲེན་རླངས་འཁོར་དང་འདྲུད་སྒམ་རླངས་འཁོར་གྱི་གཏན་འབེབས་ལྟར་བེད་མེད་དུ་གཏོང་དགོས།   གཏན་འབེབས་འདིའི་བླང་བྱ་ལྟར་བེད་སྤྱོད་ལོ་ཚད་༡ནང(ལོ་གཅིག་འདུས)གི་འཕྲུལ་སྒུལ་འཁོར་ལོའི་བེད་སྤྱོད་ཀྱི་ངོ་བོ་བསྒྱུར་མི་ཆོག་ལ།   སྤྱོད་དབང་བརྗེ་སྤོར་དང་ཡང་ན་ཐོ་འགོད་ཕྱིར་སྤོར་བྱེད་དུས་སྲིད་འཛིན་ཁུལ་དང་གྲོང་ཁྱེར་རིམ་པའི་ཁོངས་གཏོགས་ལས་བརྒལ་མི་ཆོག  

ལེའུ་བདུན་པ།     རྒྱལ་ཁབ་ཀྱིས་འཁོར་སྐྱོད་ལམ་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པའི་འཕྲུལ་སྒུལ་འཁོར་ལོར་བེད་མེད་དུ་གཏོང་བར་སྣེ་ཁྲིད་བཞིན་ཡོད་ལ།   འཁོར་སྐྱོད་ལམ་ཚད་གཤམ་གསལ་གྱི་དུས་ཡོན་ལྟར་ཐོན་པའི་རླངས་འཁོར་དག་འཁོར་བདག་གིས་རླངས་འཁོར་བསྡུ་བཤིག་ཁེ་ལས་སུ་སྤྲད་ནས།    རླངས་འཁོར་བེད་མེད་དུ་གཏོང་བའི་བསྡུ་བཤིག་ཁེ་ལས་གཏན་འབེབས་ལྟར་ཐོ་འགོད།    གཏོར་བ་ནས་མེད་བརླག་དུ་གཏོང་བ་སོགས་རིམ་པ་བཞིན་ཐག་གཅོད་བྱེད་དགོས་བར་མ་ཟད།    བེད་མེད་བཏང་བའི་འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་ལག་ཁྱེར།    ཨང་རྟགས།    བསྐོར་བསྐྱོད་འཛིན་ཡིག་སོགས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་དོ་དམ་སྡེ་ཁག་ལ་སྤྲད་ནས་ཐོ་གསུབ་བྱེད་དགོས།

གཅིག   ཆུང་གྲས་གླ་གཏོང་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།   འབྲིང་གྲས་གླ་གཏོང་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༥༠ལ་ཐོན་པ།   ཆེ་གྲས་གླ་གཏོང་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།

གཉིས།      བོགས་གཏོང་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།

གསུམ།  རླངས་འཁོར་ཆུ་གྲས་དང་འབྲིང་གྲས་ཁ་ལོ་བའི་སྦྱོང་བརྡར་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།

བཞི།   སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༤༠ལ་ཐོན་པ།

ལྔ།    དེ་ལས་གཞན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།  འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་སྐྱོད་ལམ་སྟོང་སྨི་ཁྲི༥༠ལ་ཐོན་པ།  འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སྐྱོད་ལམ་སྟོང་སྨི་ཁྲི༨༠ལ་ཐོན་པ།  

དྲུག   ཆེད་སྤྱོད་སློབ་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༤༠ལ་ཐོན་པ།

བདུན།   འགྲུལ་སྐྱེལ་རླངས་འཁོར་མ་ཡིན་པའི(ཆེ། ཆུང་།)འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།   འགྲུལ་སྐྱེལ་རླངས་འཁོར་མ་ཡིན་པའི་འབྲིང་གྲས་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༥༠ལ་ཐོན་པ།   འགྲུལ་སྐྱེལ་རླངས་འཁོར་མ་ཡིན་པའི་ཆེ་གྲས་འགྲིམ་འགྲུལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།

བརྒྱད།    དངོས་སྐྱེལ་རླངས་འཁོར་ཆུང་གྲས་སྐྱོད་ལམ་སྟོང་སྨི་ཁྲི༥༠ལ་ཐོན་པ།  ཡང་གྲས་འབྲིང་རིགས་དངོས་སྐྱེལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༦༠ལ་ཐོན་པ།   ལྗིད་གྲས་དངོས་སྐྱེལ་རླངས་འཁོར(ཕྱེད་འདྲུད་འདྲེན་འཁོར་དང་ཡོངས་འདྲུད་འདྲེན་འཁོར)སྐྱོད་ལམ་སྟོང་སྨི་ཁྲི༧༠ལ་ཐོན་པ།   ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༤༠ལ་ཐོན་པ།   རླངས་སྣོད་མང་པོ་ཅན་་གྱི་མྱུར་ཚད་དམའ་བའི་དངོས་སྐྱེལ་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༣༠ལ་ཐོན་པ།

དགུ    ཆེད་སྒྲུབ་རླངས་འཁོར་དང་འཁོར་དབྱིབས་ཆེད་སྤྱོད་རླངས་འཁོར་སྐྱོད་ལམ་སྟོང་སྨི་ཁྲི༥༠ལ་ཐོན་པ།

བཅུ།    རྐང་གསུམ་སྦག་སྦག་འཁོར་ལོ་སྐྱོད་ལམ་སྟོང་སྨི་ཁྲི༡༠ལ་ཐོན་པ།   སྦག་སྦག་འཁོར་ལོ་གཞན་སྐྱོད་ལམ་སྟོང་སྨི་ཁྲི༡༢་ལ་ཐོན་པ།

ལེའུ་བརྒྱད་པ།   གཏན་འབེབས་འདི་ནང་གི་འཕྲུལ་སྒུལ་འཁོར་ལོ་ནི་གཞུང་ལམ་དུ་ཤར་བགྲོད་བྱེད་བཞིན་པའི་རླངས་འཁོར།  འདྲུད་འཁོར།    སྦག་སྦག་འཁོར་ལོ།   འཁོར་དབྱིབས་ཆེད་སྤྱོད་འཕྲུལ་ཆས་འཁོར་ལོ་དག་ལ་ཟེར་བ་དང་།  འགྲུལ་སྐྱེལ་མ་ཡིན་པའི་རླངས་འཁོར་ནི་མི་སྒེར་རམ་སྡེ་ཚན་གྱི་ཁེ་སྤོགས་ལ་དམིགས་པ་མ་ཡིན་པར་སྒེར་སྤྱོད་རང་བཞིན་གྱི་འགྲིམ་འགྲུལ་རླངས་འཁོར་ལ་ཟེར།    ཉེན་ཆེ་དངོས་སྐྱེལ་རླངས་འཁོར་ནི།  རྫས་འགྱུར་དངོས་རྫས།   འབར་རྫས།  འཕྲོ་ནུས་ལྡན་པའི་དངོས་རྫས།    རུལ་བསླད་ཅན་གྱི་དངོས་བོ་སོགས་ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་ཟེར།    བེད་སྤྱོད་ངོ་བོ་བསྒྱུར་བཅོས་ཟེར་བ་ནི་བེད་སྤྱོད་ངོ་བོ་སྐྱེལ་འདྲེན་ངོ་བོ་ནས་སྐྱེལ་འདྲེན་མ་ཡིན་པའི་ངོ་བོ་བསྒྱུར་བ་དང་སྐྱེལ་འདྲེན་མ་ཡིན་པའི་ངོ་བོ་ནས་སྐྱེལ་འདྲེན་ངོ་བོ་ཅན་ལ་བསྒྱུར་བ་དང་།   གླ་གཏོང་རླངས་འཁོར་ཆུང་གྲས།   བོགས་གཏོང་རླངས་འཁོར་ཆུང་གྲས།  ཁ་ལོ་བའི་སྦྱོང་བརྡར་རླངས་འཁོར་ཆུང་གྲས་སོགས་རིགས་མི་འདྲ་བའི་འགྲུལ་སྐྱེལ་རླངས་འཁོར་བར་གྱི་ཕན་ཚུན་བརྗེ་སྤོར་དང་ཉེན་ཆེའི་དངོས་རྫས་སྐྱེལ་འདྲེན་ནས་དངོས་སྐྱེལ་རླངས་འཁོར་གཞན་དག་ལ་བརྗེ་སྤོར་བྱེད་པ་ལ་ཟེར།    གཏན་འབེབས་འདིས་ནང་བཤད་པའི་ཞིབ་བཤེར་འཁོར་ཡུན་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ》གཏན་འབེབས་ལྟར་འཕྲུལ་སྒུལ་འཁོར་ལོའི་བདེ་འཇགས་ཞིབ་བཤེར་འཁོར་ཡུན་ལྟར་ཡིན།

ལེའུ་དགུ་བ།   ཞིང་ཆེན།   རང་སྐྱོང་ལྗོངས།   ཐད་གཏོགས་གྲོང་ཁྱེར་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་འདིས་དོན་ཚན་ལྔ་བའི་གཏན་འཁེལ་ལྟར་བོགས་གཏོང་འགྲུལ་སྐྱེལ་རླངས་འཁོར་དང་སྦག་སྦག་འཁོར་ལོའི་བེད་སྤྱོད་ལོ་ཚད་ཀྱི་ཚད་གཞི་ངེས་བར་དུ་དུས་ལྟར་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་དགོས་བར་མ་ཟད།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་དོན་པུའུ།   སྤྱི་བདེ་པུའུ།  ཁོར་ཡུག་སྲུང་སྐྱོབ་པུའུ་སོགས་ནས་ཐོ་འགོད་དོ་དམ་བྱེད་དགོས།

ལེའུ་བཅུ་བ།   བགྲོད་ལམ་དུ་ཤར་བགྲོད་བྱེད་པའི་འདྲུད་འཐེན་འཁོར་ལོ་བེད་མེད་དུ་གཏོང་བའི་ཚད་གཞི་ལོགས་སུ་གཏན་འབེབས་བྱེད་ངེས།

ལེའུ་བཅུ་གཅིག    གཏན་འབེབས་འདི༢༠༡༣ལོའི་ཟླ༥པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན་ལ།   ༢༠༡༣ལོའི་ཟླ༥པའི་ཚེས༡ཉིན་སྔོན་ནས་གཏན་འབེབས་འདིས་ནང་དོན་ལས་ཚད་གཞི་དང་གཅིག་མཐུན་ཡིན་པར་ཡོད་ན༢༠༡༤ལོའི་ཟླ༤པའི་ཚེས༣༠ཉིན་སྔོན་ནས་བེད་མེད་ཟུར་འཇོག་བྱེད་དགོས།

གསར་འགོད་པ། པདྨ།