དགོན་ལུང་རྫོང་གིས་གྲོང་ཚོ་རིམ་པའི་ཞབས་ཞུ་ལྟེ་གནས264བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན།  གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་བརྒྱུད་དེ། ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་གཞུང་ལས་ཞབས་ཞུ་ལྟེ་གནས264བསྐྲུན་ཞིང་། སྔ་རྗེས་སུ་མ་དངུལ་བཏང་ཚད་སྒོར་དུང་ཕྱུར9631.91ལ་སླེབས་པ་དང་། རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་རེད།

ཤེས་རྟོགས་བྱུང་བར་ལྟར་ན། ཉེ་བའི་ལོ་འགའི་རིང་དུ། དགོན་ལུང་རྫོང་གིས་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་གཞུང་ལས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱ་བར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ་དེ་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་རྨང་གཞིའི་ལས་ཀར་བཟུང་ནས་དམ་འཛིན་བྱས་ཤིང་། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་ས་གནས་རང་བྱུང་གི་ཆ་རྐྱེན།  དམངས་སྲོལ་རིག་གནས་སོགས་ཕན་ཚུན་ཟུང་འབྲེལ་དང་། གྲོང་ཚོ་འཕྲོད་བསྟེན་ཁང་དང་རིག་གནས་ཐང་ཆེན།  མཛེས་སྡུག་ལྡན་པའི་གྲོང་གསེབ་སོགས་ཀྱི་འཆར་འགོད་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཡུལ་བབས་དང་བསྟུན་པ། ཁྱད་ཆོས་འབུར་ཐོན། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཚན་རིག་དང་མཐུན་པའི་གནས་ཡུལ་འདེམས་སྒྲུག་བཅས་བྱས་ཏེ། སྔོན་མར་སའི་ཁེབས་ཚད་ཆུང་བ་དང་འཛུགས་སྐྲུན་ཚད་གཞི་དམའ་བ། རྒྱས་སྐྲུན་བྱེད་ཐབས་མེད་པར་ཡང་བསྐྱར་གནས་བདམས་ཏེ་འཛུགས་སྐྲུན་བྱས་པ་དང་། སྔར་བཟུང་བའི་སའི་རྒྱ་ཁྱོན་ཅུང་ཆུང་བ་དང་ནུས་པ་ཆ་མི་ཚང་མོད། འོན་ཀྱང་སྤྱི་ཡོངས་ཀྱི་སྒྲིག་གཞི་ཆ་ཚང་ཡིན་པ་དང་སྐྲུན་པའི་དུས་ཚོད་ཅུང་ཐུང་བ། རྒྱས་སྐྲུན་གྱི་ཆ་རྐྱེན་འཛོམས་པ་དག་རྒྱས་སྐྲུན་བྱས་པ་རེད། བསྐྱར་བསྐྲུན་བྱས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ120ཡན་ཟིན་པ་དང་། རྒྱས་སྐྲུན་བྱས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ200ཡན་ཟིན་པ་རེད།  གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དེ་གྲོང་སྡེ་མང་པོ་ཞིག་གི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་གྱུར་ཡོད།

 ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།