མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་བས་མཐའི་དགོན་ཆུང་གི་དམངས་གཙོ་དོ་དམ་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དམངས་གཙོ་དོ་དམ་པའི་དོ་དམ་དང་ཞབས་ཞུ་ནུས་པ་རིམ་གྱིས་ཇེ་དྲག་ཏུ་གཏོང་བ་དང་། ལྷག་པར་དུ་བས་མཐའི་དགོན་ཆུང་ནང་ཁུལ་གྱི་དོ་དམ་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དམངས་གཙོ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཉེ་ཆར། མཚོ་ལྷོ་ཁུལ་གྱིས་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་སུ་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་བས་མཐའི་དགོན་ཆུང་གི་དམངས་གཙོ་དོ་དམ་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། བསྡོམས་པས་བས་མཐའི་དགོན་ཆུང་གི་དམངས་གཙོ་དོ་དམ་པའི་ཁོངས་མི40གསོ་སྦྱོང་ལ་ཞུགས་པ་རེད།

གསོ་སྦྱོང་འཛིན་གྲྭའི་སྟེང་རང་ཁུལ་གྱི་གནས་ཚུལ་དངོས་ལ་གསལ་ཆ་ལྡན་ཞིང་། དགོན་པའི་དོ་དམ་དང་འཕེལ་རྒྱས་ཆོས་ཉིད། ད་ལྟ་ལག་ལེན་བསྟར་བཞིན་པའི་ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དགོན་སྡེའི་དོ་དམ་བྱེད་སྟངས་བཅས་ལ་རྒྱུས་མངའ་ཡོད་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་དང་། ཞིང་ཆེན་དང་ཁུལ་ནང་གི་ཆེད་མཁས་མི་སྣ་དང་དགེ་བའི་བཤེས་གཉེན་སྐོར་ཞིག་གདན་ཞུ་བྱས་ཏེ། དྲི་བ་དྲིས་ལན་འདེབས་པ་དང་ཕན་ཚུན་སློབ་སྦྱོང་གི་ལམ་ནས་ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་སྤེལ་བཞིན་པའི་དགོན་པའི་སྤྱི་ཚོགས་དོ་དམ་གྱི་སྲིད་ཇུས་བྱ་ཐབས། བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣའི་ཇི་ལྟར་སེར་སྐྱ་དད་ལྡན་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དང་དགོན་སྲོལ་བཙུན་ཆིངས་ནན་སྲུང་བྱེད་པ་སོགས་འབྲེལ་ཡོད་ཀྱི་ནང་དོན་སྐོར་ནས་སློབ་གསོ་དང་ཁྲིད་སྟོན་བྱས་པ་མ་ཟད། ཞེ་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། དུས་རབས་གསར་པའི་མི་རིགས་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དང་བླང་བྱ་གསར་བའི་སྐོར་ནས་འཆད་ཁྲིད་གནང་།

གསོ་སྦྱོང་འཛིན་གྲྭའི་སྟེང་ད་དུང་བཞུགས་མོལ་ཚོགས་འདུའི་རྣམ་པའི་སྒོ་ནས་དགོན་སྡེའི་ནང་ཁུལ་གྱི་དམངས་གཙོའི་དོ་དམ་དང་། དགོན་སྡེའི་རང་ཁ་རང་གསོ། དགོན་སྲོལ་བཙུན་ཆིངས་ལག་བསྟར་གནས་ཚུལ་སྐོར་ནས་ཕན་ཚུན་ལ་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་བྱས་པར་བརྟེན། ཉེ་བའི་ལོ་ཤས་རིང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་སྟེ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཟམ་མི་ཆད་པར་ཇེ་མགྱོགས་སུ་ཕྱིན་པ་དང་། སྤྱི་བའི་ཞབས་ཞུ་བྱེད་ཤུགས་མངོན་གསལ་གྱིས་ཆེ་རུ་སོང་བ། ལྷག་པར་དུ་དགོན་པའི་དགོན་སྲོལ་བཙུན་ཆིངས་ཀྱི་ཚད་ལྡན་ལོའི་བྱ་འགུལ་སྤེལ་བ་ནས་བཟུང་། དགོན་སྡེའི་ནང་ཁུལ་གྱི་དམངས་གཙོའི་དོ་དམ་དེ་བས་ཚད་ལྡན་དང་གོ་རིམ་ཅན་དུ་གྱུར་བར་ཚང་མས་ངོས་འཛིན་གཅིག་མཐུན་བྱུང་ཞིང་། རྗེས་ཕྱོགས་གོང་རིམ་སྡེ་ཁག་གིས་སྔར་ལས་ཚད་མཐོ་ཞིང་ཁྱབ་ཁོངས་རྒྱ་སྐྱེད་དེ་གསོ་སྦྱོང་དང་རྟོག་ཞིབ་བྱ་འགུལ་མང་པོ་སྤེལ་ཏེ། རང་སྲེག་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་དང་། རྣམ་འགྱུར་གསལ་སྟོན། ཆབ་སྲིད་དང་བསམ་བློ། བྱ་སྤྱོད་ཐད་ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་ཐུབ་ལ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ནང་བསྟན་སྐད་ཆ་སྤྱོད་མཁས་ཀྱིས་ཏང་དང་སྲིད་གཞུང་ལ་མཐུན་སྦྱོར་བཟང་བོ་བྱས་ཏེ་དད་ལྡན་མང་ཚོགས་ཀྱི་བསམ་བློ་སློབ་གསོའི་སྣེ་ཁྲིད་བཟང་བོ་བྱེད་པའི་མཚོ་ལྷོའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་སྐོར་ཞིག་གསོ་སྦྱོང་བྱེད་པའི་རེ་བ་བཏོན་པ་རེད།