ཐེམ་ཆེན་རྫོང་སེང་གེ་ཞང་གིས་ཏང་བཙུགས་ནས་ལོ་འཁོར97ལོན་པའི་བྱ་འགུལ་སྤེལ་བ།

ཟླ6པའི་ཚེས11ཉིན། ཐེམ་ཆེན་རྫོང་སེང་གེ་ཞང་གིས་ཏང་བཙུགས་ནས་ལོ་འཁོར97ལོན་པ་དང"གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅུ་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང"ཞེས་པ་བརྗོད་བྱ་ཡིན་པའི་འབྲོག་དམངས་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ། བྱ་འགུལ་དུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་གོ་ཅན་མིན་དང་སེང་གེ་ཞང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོས་སྡེ་མི100ལྷག་ཞུགས་པ་རེད།

བྱ་འགུལ་གྱི་ཡུལ་དངོས་ལ་ཞུགས་པའི་འགོ་ཁྲིད།

བྱ་འགུལ་གྱི་གོ་རིམ་ཁག་བཞི་རུ་གྲུབ་ཡོད་དེ། དང་པོ་ནི་སེང་གེ་ཞང་ཏང་ཨུའི་ཧྲུའུ་ཅུ་པོ་པོ་ཡིས"གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅུ་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང"ཞེས་པ་བརྗོད་བྱ་ཡིན་པའི་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་རིམ་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་འབྲེལ་བའི་གཏམ་བཤད་བྱས། གཉིས་པ་ནི་སྔོན་ཐོན་ཏང་ཡོན་རྒན་པ་དང་སྔོན་ཐོན་ཁྱིམ་ཚང་། གུང་གཞོན་ཚོགས་པ་དཔེ་ལེགས་ཅན། ཨ་ནེ་བཟང་བོ། མནའ་མ་བཟང་པོ་བཅས་ལ་གཟེངས་བསྟོད་དཔང་ཡིག་དང་ཁྱིམ་མཁོའི་ཅ་ལག་གི་བྱ་དགའ་བྱིན། གསུམ་པ་ནི་ཐེམ་ཆེན་རྫོང་མཁར་ནུབ་སྡེ་ཁུལ་ཞབས་བྲོ་རུ་ཁག་གིས་ཞབས་བྲོ་དང་དམངས་གླུ་སོགས་འཁྲབ་སྟོན་གྱ་ནོམ་པ་བྱས། བཞི་བ་ནི་ལུས་རྩལ་རྣམ་གྲངས་ཏེ། ས་འཇོག རྐང་རྒྱུག ཐག་འཐེན། རི་གླུ། སྲོལ་རྒྱུན་རིག་གནས་སོགས་ཀྱི་འགྲན་བསྡུར་སྤེལ་བ་རེད།

བྱ་དགའ་སྟེར་བཞིན་པ།

ཐེངས་འདིའི་སེང་གེ་ཞང་གི་ལུས་རྩལ་འགྲན་བསྡུར་འདིའི་མགོ་མཇུག་བར་གསུམ་ལ་མ་དངུལ་སྒོར་ཁྲི་བཞི་ལྷག་བཏང་ནས་མང་ཚོགས་ལ་བྱ་དགའི་མཁོ་ཆས་བྱིན་ཡོད་ལ། བྱ་འགུལ་འདི་འདྲ་སྤེལ་བ་འདིས་གཅིག་ནས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་གོ་བ་གསར་པ་ལོན་པ་དང་ཁྱིམ་མཚེས་རུ་སྡེ་ཡི་མཐུན་སྒྲིལ་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་འགྲོ་བ། གཞི་རིམ་ཏང་རྩ་འཛུགས་སྡེ་ཁག་གི་བྱ་བའི་ཁ་ཕྱོགས་ལ་ཚེ་སྲོག་གསར་བ་སྣོན་པར་རྨང་གཞི་བཏིངས། གཉིས་ནི་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་རང་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་དར་སྤེལ་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་རེད།

འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར།

ས་འགྱོགས།

ཐག་འཐེན།

ལུས་རྩལ་བྱ་འགུལ་གྱི་ཟུར་ཞིག

གསར་འགོད་པ། གཅོད་པ་ཐར།