མཚོ་ནུབ་ཁུལ་གྱིས་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས11ཉིན། མཚོ་ནུབ་ཁུལ་གྱིས་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་གྲོས་ཚོགས་སྐབས་དྲུག་པ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས་ཤིང་། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་མེང་ཧའེ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་བ་རེད།

གྲོས་ཚོགས་སྟེང་དབྱིས་ཅིན་གྱིས་ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། བྱ་བའི་སྙན་ཞུ་ཕུལ་བ་དང་། སྙན་ཞུའི་ནང་བསྟན་དོན། གཅིག་ནས་བུད་མེད་དང་བྱིས་པའི་འཚོ་བའི་ཆུ་ཚད་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཆེ་བའི་ཁོར་ཡུག་ལ་ལེགས་སྒྱུར་བྱེད་པ། གཉིས་ནས་བུད་མེད་དག་གིས་སྲིད་ལ་ཇུས་འདོན་དང་སྤྱི་ཚོགས་བདག་གཉེར་བྱེད་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་བཏང་སྟེ། ཆབ་སྲིད་ཀྱི་གོ་གནས་སྔར་ལས་མཐོར་འདེགས་སུ་གཏོང་བ། གསུམ་ནས་བུད་མེད་ངལ་རྩོལ་པའི་ཁེ་དབང་ལ་འགན་བཅོལ་བྱས་ཏེ་བུད་མེད་དང་བྱིས་པའི་སྤྱི་ཚོགས་ཀྱི་འགན་བཅོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། བཞི་ནས་བུད་མེད་དང་བྱིས་པར་འདྲ་མཉམ་སྒོས་སློབ་གསོ་མྱངས་དུ་བཅུག་ནས་སློབ་གསོའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ། ལྔ་ནས་བུད་མེད་དང་བྱིས་པའི་འཕྲོད་བསྟེན་བདེ་ཐང་གི་གནས་བབ་ལ་བཅོས་སྒྱུར་བྱས་ཏེ། ཞབས་ཞུའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་བཅས་ཡིན།

མེང་ཧའེ་ཡིས་བཤད་རྒྱུར།བུད་མེད་ནི་གནམ་གྱི་ཕྱེད་ཀ་དང་།བྱིས་པ་མ་འོངས་འི་བདག་པོ་ཡིན་ཟེར།བུད་མེད་ལ་བརྩི་བཀུར་བྱེད་པ་དང་།བྱིས་པར་གཅེས་སྐྱོང་བྱེད་པ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་འབྱུང་བའི་མཚོན་བྱེད་གལ་ཆེན་ཡིན་ལ།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཀྱི་ནང་དོན་གལ་ཆེན་ཡང་ཡིན་ཟེར།མཚོ་ནུབ་ཁུལ་གྱིས་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ།ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་འབྲེལ་ཡོད་ཀྱི་བཀོད་སྒྲིག་གསར་པ་དང་།བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས།སྔར་ལས་ལྷག་པའི་སྒོ་ནས་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་དོན་སྙིང་ངོས་འཛིན་ཚད་ཇེ་མཐོར་བཏང་ནས།མཚོ་ནུབ་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བ་སྔར་ལས་མཐོ་བའི་ཚད་རིམ་དང་ཁྱབ་ཁོངས་ཁྲོད་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ་རེད།

མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡིས་ཧའེ་མིན།མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རེན་ཀོན་ཅུའུ།ཁུལ་དཔོན་གཞོན་པ་དང་ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིས་ཅིན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལའེ་ཧའེ་ལན་སོགས་འགོ་ཁྲིད་དག་གྲོས་ཚོགས་ལ་ཞུགས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།