ལས་ཁུངས10 ལ་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སློབ་གསོའི་རྟེན་གཞིའི་མཚན་སྙན་ཐོབ་པ། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག “ མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སློབ་གསོའི་རྟེན་གཞིའི” ཁག་བཞི་པའི་མིང་ཐོར་ཡོངས་བསྒྲགས་བྱས་པ་དང་། ཞིང་ཆེན་ཁོར་ཡུག་ཆ་འཕྲིན་ལྟེ་གནས་དང་། ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་སོགས་ལས་ཁུངས10ལ། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སློབ་གསོའི་རྟེན་གཞིའི་མཚན་སྙན་ཐོབ་པ་རེད།

ཞིང་ཆེན་ཁོར་ཡུག་སློབ་གསོའི་རྟེན་གཞིས་འོས་སྦྱོར་དཔྱད་བསྡུར་གཏན་འབེབས་དེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དྲིལ་བསྒྲགས་ལས་དོན་ཁྲོད་མཚོན་ཚུལ་ལེགས་པ་དང་། དེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་ལས་ཁུངས་དང་རྩ་འཛུགས་ཁྲོད་དཔྱད་ཞིབ་གཏན་འཁེལ་བྱུང་བ་རེད། ཁོར་ཡུག་སློབ་གསོའི་རྟེན་གཞི་དེ་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་ཞུགས་ཚད་ཇེ་མང་གཏོང་བའི་གནས་གལ་ཆེན་ཞིག་བྱས་ཏེ། ཁོར་ཡུག་སློབ་གསོའི་ལག་ལེན་ཁྲོད་ཀྱི་གོ་གནས་མངོན་གསལ་དོད་པ། ཁོར་ཡུག་སློབ་གསོ་ཉམས་ལེན་བྱེད་སྒོ་རབ་དང་རིམ་པ་དང་སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་ཁོར་ཡུག་དོ་དམ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཁོར་ཡུག་ཤེས་བྱ་བཤམས་སྟོན་དང་ཆེད་ལས་ཀྱི་འགྲེལ་བཤད་བཅས་ལ་བརྒྱུད་ནས།  སྤྱི་དམངས་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དྲང་ནུས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ནས།  རིམ་བཞིན་ཁོར་ཡུག་ལ་འགན་འཁུར་བའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་རེད།

“ མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་རྟེན་གཞིའི” མཚན་སྙན་ཐོབ་པའི་ལས་ཁུངས་ཀྱིས། སྔར་བས་ལྷག་པའི་སྒོ་ནས་རང་ཉིད་ཁོར་ཡུག་སློབ་གསོའི་རྟེན་གཞི་བྱས་ཏེ།སྤྱི་དམངས་ལ་ཁོར་ཡུག་ཚན་རིག་ཁྱབ་གདལ་བྱེད་པའི་སློབ་གསོའི་འཐབ་ས་གཙོ་བོའི་ནུས་པ་སྔར་ལས་འདོན་སྤེལ་བྱ་རྒྱུ་དང་། ཧུར་ཐག་སྒོས་སྤྱི་དམངས་ཀྱི་ཁོར་ཡུག་སློབ་གསོའི་ལས་སྟེགས་སྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱས་པ་དང་། ཁོར་ཡུག་ཚན་རིག་ཤེས་བྱ་ཁྱབ་སྤེལ་གཏོང་བ། ཁོར་ཡུག་རིག་གནས་དར་སྤེལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་མང་བའི་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་རྒྱུས་ལོན་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་བཟང་པོ་ཆགས་ཐུབ་པའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།