ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་དྲུག་པའི་ཚེས་ལྔ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། དམིགས་འབེན་གཏན་ཁེལ་དང་གཙོ་གནད་འབུར་ཐོན། རྩ་ལག་མཉམ་བཅོས་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་མཁྲེགས་གཏོར་དང་རྒྱུན་མཐུད་སྒོས་ཤུགས་འདོན་པ། ཚད་གཞི་མཐོན་པོ་དང་རྒྱུ་སྤུས་མཐོན་པོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་་དག་ཐེར་ལེགས་བཅོས་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཆེན་པོ་ལེན་དགོས་ཟེར།

ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསྟན་དོན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ན་ནིང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བདུན་པས་མཚོ་སྔོན་དུ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤེལ་བའི་སྐབས་སུ། ང་ཚོས་ལྟ་ཞིབ་དེ་འདུ་ཤེས་བཞི་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་དང་། ཆབ་སྲིད་ཀྱི་བརྟག་དཔྱད་ཐེངས་ཤིག་ཏུ་བརྩིས་ནས། གནད་དོན་རྙེད་ཚེ་མྱུར་དུ་དག་ཐེར་ལེགས་བཅོས་བྱས་པས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས། ལྟ་ཞིབ་ཁྲོད་རྙེད་པའི་གནད་དོན་དང་བཏོན་པའི་གྲོས་གཞི་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་ཏང་ཨུས་དག་ཐེར་ལེགས་བཅོས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་གཏན་འབེབས་བྱས་པ་དང་། དག་ཐེར་ལས་འགན་གྱི་གསལ་ཐོ་ལས་པ་དང་འགན་འཁྲི་བགོ་བཤའ་བྱས་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གཅིག་གྱུར་བླང་བྱ་ལྟར། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཇུས་གཞི་ཡོངས་བསྒྲགས་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་རྣམ་འགྱུར་སྟོན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ལ་ཁས་ལེན་བྱས་པ་ཡང་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ལྟ་ཞིབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གཙོ་བོ་དང་དམངས་ཚིས་ཀྱི་བཟོ་སྐྲུན་གལ་ཆེན། འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་རུ་བརྩིས་ནས། ཚད་གཞི་ཆེས་མཐོན་པོ་དང་རེ་བ་ཆེས་ནན་མོ། བྱེད་ཐབས་ཆེས་བཟང་བོ། འགུལ་སྐྱོད་ཆེས་མགྱོགས་པོ། གྲུབ་འབྲས་ཆེས་བཟང་བོས་དག་ཐེར་ལེགས་བཅོས་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་དང་ཞིབ་མོ་བྱེད་པ་དང་། ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས། ང་ཚོས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ཀྱི་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྒྲིག་ལམ་དམ་པོ་དང་འགན་འཁྲི་ནན་མོ་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་ནི། ཆབ་སྲིད་ཀྱི་ལས་འགན་ཡིན་ལ། སྒྲིག་ལམ་གྱི་རེ་བ་ཡང་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་མི་བྱེད་པ་དང་། བྱེད་ཐབས་སྤྱོད་ཚད་མི་འདང་བ། དག་ཐེར་ལེགས་བཅོས་བཟང་བོ་མི་བྱེད་པ། གནད་དོན་སྦ་གསང་བྱེད་པ། ཁ་གཏད་འཇལ་ཚམ་བྱེད་པ། རྫུན་བཟོ་བྱེད་པ། རྣམ་པ་ཙམ་སྟོན་པ། རྒྱལ་ཁབ་དང་ཞིང་ཆེན་གྱིས་རྩ་འཛུགས་བྱས་པའི་མངོན་བཤེར་ལྐོག་ཞིབ་དང་སྤྱི་སྡོམ་ཁྲོད་རྙེད་པའི་གནད་དོན་ཚབས་ཆེན་བཅས་ཐད་ནས་ཟུར་དུ་བོས་ནས་གླེང་མོལ་བྱེད་པ་དང་འགན་འཁྲི་རྩད་གཅོད་བྱེད་པ། ཞིབ་བཤེར་དང་ཆད་གཅོད་ནན་མོ་བྱས་ཏེ། དག་ཐེར་ལེགས་བཅོས་ཐད་ཀྱི་་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཐེན་ཅིན་ཁྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཚོ་ཤར་བཟོ་ལས་ར་བའི་ཁུལ། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། །