ཧོར་གྲོང་གིས་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་བ།

ཉེ་སྔོན།  ཧོར་གྲོང་རྫོང་གིས“བདེ་འཇགས་ཐོན་སྐྱེད་ཟླ”དང་“བདེ་འཇགས་ཐོན་སྐྱེད་ཧོར་ཡུལ་དུ་བསྐྱོད”ཅེས་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ཧོར་གྲོང་རྫོང་གི་ཤང་དང་གྲོང་རྡལ་ཁག་དང་། ཁེ་ལས་སོ་སོས་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྟེར་བ། ཡུལ་དངོས་ནས་དྲིལ་བསྒྲགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས། བདེ་འཇགས་ཤེས་བྱ་བཅས་སྔར་བས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་དང་།  མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ཁྱབ་ཁོངས་ཁག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།