སྒོར་དུང་ཕྱུར3.57གྱི་མ་དངུལ་བཏང་བ་དེས་རྨ་ཆུའི་ཆུ་མགོ་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018 ལོར་རྨ་ཆུའི་ཆུ་མགོ་གླིང་ཁུལ་གྱིས་ལས་གཞི28 ལག་བསྟར་བྱེད་རྩིས་ཡོད་ལ།ལས་གཞི་དེ་དག་ཁྲོད་བསྡོམས་པའི་སྒོར་དུང་ཕྱུར3.57 བཏང་ཡོད་པ་དང་། ནུས་ཤུགས་བཏོན་ཏེ་རྨ་ཆུའི་ཆུ་མགོ་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་སྐུལ་སྤེལ་གཏོང་རྒྱུ་རེད།

ད་ལོ་རྨ་ཆུའི་ཆུ་མགོ་གླིང་ཁུལ་གྱིས་ལས་གཞི་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དང་། དམིགས་ཚད་ལས་འགན་དང་དུས་ཚོད་མཚམས་ཚིགས་བཅས་ལ་སྔར་བར་ཁ་གསལ་བྱས་ཏེ།  ལས་གཞི་ཚུགས་ཁ་མའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་དོན་དངོས་ཞིབ་ཕྲས་བསྒྲུབས་པ་དང་།   སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་རེད།  དེ་དང་ཆབས་ཅིག ལས་གཞིར་ལྟ་སྐུལ་དོ་དམ་བྱེད་པའི་འབྲེལ་ཡོད་སྒྲིག་སྲོལ་དང་གོ་རིམ་དེ་བཞིན་ཚད་ལྡན་ལྟར་ལས་གཞིའི་འཕེལ་རིམ་དང་། མ་དངུལ། སྤུས་ཚད་བཅས་ལ་ཚོད་འཛིན་བྱས་ཏེ། དོན་དངོས་ཐོག་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་པ་རེད།

གཞན་ཡང་། རྨ་ཆུའི་ཆུ་མགོ་གླིང་ཁུལ་གྱིས་མཐུན་སྦྱོར་ལམ་ལུགས་སྔར་ལས་ལེགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་རྗེས་འདེད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་དང་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ལས་གཞི་འཛུགས་སྐྲུན་བྱེད་ཚུལ་དུས་བཀག་ལྟར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་།  ཟམ་མི་ཆད་པར་ལས་གཞིའི་ཕུགས་ཕན་དོ་དམ་ལམ་སྲོལ་ཚད་ལྡན་འཐུས་ཚང་དུ་བཏང་སྟེ།  ལས་གཞི་འཛུགས་སྐྲུན་ནང་དཔྱད་གཞིའི་ཡིག་རིགས་ལས་དོན་སྒྲིག་བཀོད་ཡག་པོ་བསྒྲུབས་པ་དང་།  ལས་གཞི་ལག་བསྟར་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ཐད་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱས།

ལོ་ཙཱ་བ། གཡང་སྐྱིད།