2018 ལོར་ཀྲུང་གོའི( མཚོ་སྔོན) བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས“མགོ་ལོག་ལ་བསྐྱོད་པ“ ཞེས་པའི་ས་གདན་འཐག་སླེ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས12 ལ། ཉིན6 རིང་གི 2018 ལོའི་ཀྲུང་གོའི( མཚོ་སྔོན) བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས“མགོ་ལོག་ལ་བསྐྱོད་པ ”ཞེས་པའི་ས་གདན་འཐག་སླེ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་།  མགོ་ལོག་ཁུལ་གྱི་ས་གནས་ཁག་ནས་ཡོང་བའི་ཁེ་ལས12 ཀྱི་མཉམ་ལས་ཁང་གི་འཐུས་མི30 གསོ་སྦྱོང་ནང་ཞུགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན ། བོད་ལུགས་ས་གདམ་སོགས་རྣམ་པ་ཅི་རིགས་ཀྱི་མི་རིགས་ཁྱད་ལྡན་ལག་ཤེས་ཐོན་རྫས། ལོ་རྒྱུས་སྟེང་ནས་བཟུང་མགོ་ལོག་ཁུལ་དུ་དར་ཁྱབ་ཏུ་སོང་ཡོད་ལ། ཐེངས་འདིའི་ས་གདན་གྱི་འཐག་སླེ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་པ་ནི། མགོ་ལོག་ཁུལ་གྱི་བོད་ལུགས་ས་གདམ་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་དང་། ཡང་བའི་ལས་བཟོ་འཐག་སླེ་བཟོ་ལས་ཐོན་རྫས་ལོ་གསུམ་གྱི་བཀོད་པའི་དམིགས་འབེན་ལ་འཚོལ་ཞིབ་བྱེད་པའི་འགོ་བརྩམས་པ་རེད། ཐེངས་འདིའི་གསོ་སྦྱོང་ལ་ཀྲུང་གོའི་བོད་ལུགས་ས་གདམ་མཐུན་ཚོགས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ་ཡོང་བའི་དགེ་རྒན་ཚོས་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་བྱེད་སྟངས་བརྒྱུད་ནས་སློབ་ཁྲིད་བྱ་རྒྱུ་རེད། སློབ་མ་ཚོས་ཡང་གཅིག་རྗེས་གཉིས་མཐུད་ངང་ཚད་ཡོད་ཀྱི་དུས་ཚོད་ལས་བརྒལ་བའི་དེང་རབས་ཀྱི་བོད་ལུགས་ས་གདམ་འཐག་སླེ་ཡི་ལག་རྩལ་དེ་ཁེ་ལས་སུ་འཁྱེར་ཡོང་ནས། ལྷན་ཅིག་ཏུ་དགེ་རྒན་ཆེན་མོའི་རིག་པ་ཉམས་སུ་མྱངས་ཏེ་རང་གི་ལག་ཤེས་རྒྱུན་འཛིན་གྱི་མ་དཔེ་ཇེ་ལེགས་སུ་གཏང་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།