ཝང་ཡུས་པའོ་ཡིས་ཞིང་ཆེན་ཡོངས་ཀྱི་མ་འཇོག་ལས་གཞིའི་བཀོད་གཏོང་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ། ཟླ6པའི་ཚེས13 ཉིན་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཞིང་ཆེན་ཡོངས་ཀྱི་མ་དངུལ་གཏོང་འཇོག་བྱེད་པའི་ལས་གཞིའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ། ཚོགས་ཐོག་ཝང་ཡུས་པོ་ཡིས་བསྟན་དོན། དཀའ་ངལ་དང་གནད་དོན་ལ་ཐད་ཀར་ཁ་ཕྱོགས་དགོས་པ་དང་། འགན་འཁུར་ཤུགས་ཆེ་རུ་བཏང་སྟེ།  ཚད་མཐོའི་འགན་འཁྲི་འདུ་ཤེས་ཀྱིས་མ་འཇོག་ལས་གཞི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ཟེར།  ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས་པ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ནས་བསྟན་དོན། ཟླ1པོ་ནས་ཟླ5པའི་བར་ཞིང་ཆེན་ཡོངས་ཀྱི་མ་འཇོག་གི་གནས་བབ་ཛ་དྲག་ཆེ་བ་དང་། ལོ་ཡོངས་ཀྱི་་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་མ་འཇོག་ལས་དོན་ཚོགས་འདུའི་ཐོག་གི་བཀོད་སྒྲིག་དང་བླང་བྱར་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱ་དགོས། གནས་བབ་ཀྱི་འགྱུར་ལྡོག་གསལ་བོར་རྒྱུས་ལོན་བྱེད་ནས།  བྱ་བར་འབད་བརྩོན་བྱེད་པར་བརྟེན་ནས་མ་འཇོག་ལས་དོན་དམ་འཛིན་དང་ལག་བསྟར་དོན་འཁྱོལ་བྱས་ནས།  སྔ་མོས་མ་འཇོག་བརྟན་པོའི་ངང་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཟེར།

གྲོས་ཚོགས་ལས་བསྟན་དོན། དམིགས་ཚད་ཇེ་བརྟན་དུ་གཏོང་དགོས་པ་དང་། འགན་འཁྲི་ཁུར་ཕོད་པ།  རྩིས་ཐོ་དང་གསལ་ཐོ་བཏོན་ཏེ། གཙོ་གནད་འབུར་ཐོན་བྱེད་པ་དང་།  ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དང་། ལས་གཞི་གཙོ་བོ། བཟོ་ལས་ཀྱི་མ་འཇོག ས་ཁང་བདག་ཁོངས་ཐད་ཀྱི་མ་འཇོག དམངས་ཁྲོད་ཀྱི་མ་འཇོག་བཅས་ལ་དམ་འཛིན་བྱས་ནས། ལས་གཞི་མ་འཇོག་ལག་བསྟར་བྱེད་པ་དང་། འཛུགས་སྐྲུན་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་དང་རང་འགུལ་དུ་མདུན་གྲོས་བྱ་དགོས།ལས་གཞི་ལག་བསྟར་བྱེད་པའི་ལོའི་བྱེད་སྒོ་དམ་འཛིན་ནན་ཏན་བྱས་ཏེ། ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་དགོས་ཟེར།

ལོ་ཙཱ་བ། གཡང་སྐྱིད།