སྦྲུམ་མར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་དུས་མྱུར་དུ་ཐག་གཅོད་བྱེད་པའི་ཐབས་ལམ། སྨད་ཆ།

རྒྱུན་ལྡན་མིན་པའི་རྟགས་མཚན། ཟུག་གཟེར་མེད་པའི་རང་བཞིན་གྱིས་མངལ་ལམ་ནས་ཁྲག་བཞུར་བ། ཆེས་ཐོག་མར་ཁྲག་བཞུར་བའི་དུས་ནི་སྤྱིར་བཏང་དུ་མངལ་སྦྲུམ་ནས་གཟའ་འཁོར28འདས་པའི་རྗེས་ཡིན་ལ། གློ་བུར་དུ་བྱུང་བ་དང་ཁྲག་མང་པོ་མེད། རྒྱུན་དུ་ཅུང་ཙམ་འགོར་རྗེས་མཚམས་འཇོག་པ་རེད།

ཚད་མཐོ་བའི་དོགས་གཞི། བུ་རོགས་སྔོན་ལ་ནུར་བ།

དབྱེ་ཞིབ་བྱས་པ། རྒྱུན་ལྡན་གྱི་གནས་ཚུལ་འོག་བུ་རོགས་དེ་བུ་སྣོད་ཀྱི་སྔོན་དང་རྒྱབ། ལོགས་སོགས་སུ་སྤོར་ནུར་བྱེད་ངེས། གལ་ཏེ་བུ་རོགས་བུ་སྣོད་ཀྱི་གཤམ་དུ་སྤོར་ནུར་བྱས་པ་ན་བུ་སྣོད་ཀྱི་ཁ་གཅོད་སླ་བ་དང་གནས་དེ་ཡང་ཁྱེའུ་ལས་དམའ་བས་མགོ་ཆུ་སྔོན་ལ་ཕྲ་བ་རེད། 〔ཆེས་ཐོག་མར་ཨ་མར་མངལ་དུ་སྦྲུམ་པའི་ཁྱེའུ་ཡི་ཆ་དེར་ཟེར་བ་ཡིན། 〕 དེ་ནི་བུ་རོགས་ནུར་བ་ཞེས་པ་དེ་ཡིན། བུ་རོགས་སྔོན་ནུར་གྱི་བཤུ་བ་དེས་སྦྲུམ་མར་ཁྲག་མང་པོ་བཞུར་བ་མ་ཟད། ད་རུང་ཁྱེའུ་ཡི་དབྱང་དབུགས་དང་འཚོ་བཅུད་འདོན་སྤྲོད་ཐད་ལ་ཡང་ཤུགས་རྐྱེན་ཐེབས་ངེས། ཕལ་ཆེར་ཁྱེའུ་བུ་སྣོད་དུ་འཆི་བ་ཡོད་ལ། མ་བུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཕོགས་ངེས།

བསམ་འཆར་བཏོན་པ། མྱུར་དུ་སྨན་ཁང་ལ་སྨན་བཅོས་བྱེད་དུ་འགྲོ་དགོས་ཤིང་། བྲང་ཁོག་ལ་འོད་འགྱེད་བྱས་ན་ནད་རྟགས་ཡོངས་སུ་ངོས་འཛིན་བྱེད་པར་རོགས་རམ་འཐོབ་ངེས།

ཐག་གཅོད་བྱེད་ཐབས། བུ་རོགས་སྔོན་ནུར་ཐག་གཅོད་བྱེད་པའི་རྩ་དོན་ནི་ཁྲག་གཅོད་རྒྱུ་དེ་ཡིན་ལ། ཁྲག་ཤེད་དམའ་བར་ལེགས་བཅོས་བྱེད་དགོས། སྦྲུམ་མ་གཟའ་འཁོར37མ་ལོན་པ་དང་ཁྱེའུ་ཡི་ལུས་པོའི་ལྗིད་ཚད་ཚོད་རྩིས་བྱས་ན་ཁེ2300ལ་མི་ལོངས་དུས་མངལ་ལམ་དུ་ཁྲག་མང་པོ་མ་བཞུར་བའི་སྦྲུམ་མར་སྨན་བཅོས་བྱས་ཏེ་ཉལ་ཁྲིའི་སྟེང་ཁ་སྦུགས་ཀྱིས་ངལ་གསོ་བྱས་ཏེ་ཁྲག་ཤེད་དམའ་བར་ལེགས་བཅོས་བྱས་ནས་ཁྱེའུ་ཡོངས་སུ་ནར་སོན་པ་ན་ད་བཟོད་སྦྲུམ་མའི་དུས་རྫོགས་པར་བྱ་དགོས། ཁྱེའུ་ཡོངས་སུ་གཉོམ་ལག་རྒྱས་པ་དང་ཡང་ན་ཁྲག་མང་པོ་ཐོན་ནས་སྦྲུམ་མའི་ཚེ་སྲོག་ལ་ཉེན་ཁ་བྱུང་དུས་ངེས་པར་དུ་སྦྲུམ་མའི་དུས་ཡོངས་སུ་རྫོགས་པར་བྱེད་དགོས།

ཏུང་ཀོན་བདེ་ལྡན་བུ་སྐྱེས་ཆེད་མཁས་པས་གསལ་འདེབས་བྱས་པ། ཁྱེའུ་སྐྱེས་པ་དང་ཡང་ན་མངལ་ཤོར་བྱུང་རྗེས་བུ་སྣོད་ནང་སྐྱིའི་གཉན་ཚད་དང་ཕྲུ་གུ་མང་དུ་སྐྱེས་པ། དུས་སྔོན་སྐྱེས་པ། ཕྲུ་གུ་བཀོག་པ་སོགས་ཀྱིས་བུ་སྣོད་ཀྱི་ནང་སྐྱི་ལ་གནོད་པ་ཐེབས་ངེས། བུ་རོགས་ཇེ་ཆེར་སོང་བ།〔དཔེར་ན་མཚེའུ་ཅན་གྱི་སྦྲུམ་མ།〕 བུ་རོགས་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བ། 〔བུ་རོགས་ལ་ལྡོག་ནུས་ཐོན་དུས།〕 ཁམས་དཀར་སྐྱེ་འཕེལ་འགོར་འགྱངས་ཀྱི་གཞི་རྒྱུ་སོགས་ནི་བུ་རོགས་སྔོན་ནུར་བྱུང་བ་དང་འབྲེལ་བ་དམ་པོ་ཡོད། དེའི་རྐྱེན་གྱིས་ཁྱོན་ཡོངས་ནས་འཆར་ལྡན་བུ་སྐྱེས་ལ་ཧུར་བརྩོན་བྱས་ཏེ་མངལ་ཆགས་པར་ཕྱིར་གཤོལ་རྒྱུན་འཁྱོངས་དང་མིས་བཟོས་མངལ་ཤོར་ལ་ཕྱིར་གཤོལ། བུ་སྣོད་དུ་ནད་དུག་བྱུང་བ་འགོག་སྲུང་སྨན་བཅོས་བྱས་ཏེ་བུ་རོགས་སྔོན་ནུར་བྱེད་པའི་ཆེས་གལ་ཆེ་བའི་བྱེད་ཐབས་དེ་ཉུང་དུ་གཏོང་དགོས།

ཡིག་ཆ་འདི་ནི་ཏུང་ཀོན་བུ་སྐྱེས་སྨན་ཁང་གིhttp://www.wffc120.com/ལས་ལེགས་བསྒྲིགས་མཁོ་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།