སློབ་སྦྱོང་བྱ་སྤྱོད་ལ་གོམས་པ་དང་། བྱ་སྤྱོད་ལག་ལེན་དུ་བསྟར་ཅེས་པའི་བོད་སྐད་སློབ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཅེས་པའི་གཞི་རིམ་གྱི་ན་གཞོན་ལས་བྱེད55བོད་སྐད་སློབ་པའི་ཟབ་སྦྱོང་ལ་ཞུགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  དུས་སྐབས་གསར་པའི་རང་ཞིང་གི་བོད་ཁུལ་གྱི་ལས་ཀའི་གནས་སྟངས་དང་བླང་བྱར་འཚམ་པོ་ཡོང་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་ནང་བཞིན་རོང་འབྲོག་ཁུལ་ལ་ཞབས་ཞུ་དང་། རོང་འབྲོག་པ་ལ་ཞབས་ཞུ་བྱེད་པ་དམིགས་འབེན་དུ་བཟུང་སྟེ། བོད་སྐད་ཀྱི་ཁ་སྐད་གཙོ་བྱས་བོད་སྐད་ཤེས་ཤིང་འབྲེལ་འདྲིས་ལ་འཇོན་པ། མང་ཚོགས་ཀྱི་ལས་ཀ་བསྒྲུབས་མཁས་པའི་བྱང་ཚད་ཅན་གྱི་གཞི་རིམ་ལས་བྱེད་དཔུང་སྡེ་ཞིག་ཧུར་ཐག་གིས་འཛུགས་ཆེད།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ནས་མཉམ་འབྲེལ་ཐོག་གཞི་རིམ་ལས་བྱེད་ཀྱི་བོད་སྐད་ཁ་སྐད་སློབ་སྦྱོང་གི་ཟབ་སྦྱོང་འཛིན་གྲྭ་ཐེངས༩པ་གཙོ་སྒྲུབ་གནང་ནས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།  ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་ཁག་ནས་ཡོང་བའི་གཞི་རིམ་ན་གཞོན་ལས་བྱེད55ལ་ཉིན60རིང་ཟབ་སྦྱོང་བྱས་འདུག

བོད་སྐད་ཡིག་སློབ་པར་མཐོང་ཆེན་དང་།  བསམ་བློའི“གློག་སྒོ”དམ་པོར་གཅུས།  ཐེངས་འདིའི་ཟབ་སྦྱོང་གིས་གཙོ་བོ་སློབ་མ་རྣམས་ཀྱིས་གཞི་རིམ་ལས་བྱེད་ནི་ཞིང་འབྲོག་མང་ཚོགས་ཀྱི་སྦྲེལ་ཟམ་ལྟ་བུ་ཡིན་པར་ངོས་ཟིན་དང་།  སྲིད་ཇུས་དྲིལ་སྒྲོག་ཐད་ནས“གོང་རིམ་ལ་ཡར་ཞུ་དང་འོག་རིམ་ལ་ཁྱབ་བསྒྲགས”།  ཞིང་འབྲོག་མང་ཚོགས་ཀྱི“ཞབས་འདེགས་པ”བྱེད་དགོས་པ་དང་། ལག་ལེན་ལ་རྐང་བཙུགས་ནས་རོང་འབྲོག་མང་ཚོགས་བར་འབྲེལ་བ་དམ་པོ་བཟུང་ནས་ཁོང་ཚོའི་སྐད་ཡིག་ལེགས་པོ་བསླབས་ཤིང་བཀོལ་སྤྱོད་བྱེད་ཤེས་པའི་མུར། མང་ཚོགས་བར་གྱི་བར་ཐག་ཇེ་ཉེ་དང་བར་སྟོང་ཇེ་ཆུང་དུ་བཏང་ནས་མང་ཚོགས་ལ་ཞབས་ཞུ་སྔར་ལས་ལྷག་པ་ཞིག་བསྒྲུབ་ཐུབ་ཏུ་འཇུག་ཆེད་རེད།

ཟབ་སྦྱོང་འཛིན་གྲྭས་གཞི་རིམ་ལས་བྱེད་ཀྱི་བོད་སྐད་ཆུ་ཚད་ལ་སྦྱར་ནས་སློབ་མ་རྣམས་ལ་བོད་སྐད་ཡིག་དགེ་རྒན་ཆེན་མོ་གཉིས་བཀོད་སྒྲིག་བརྒྱབ་ནས་ཆེད་དོན་འཆད་འཁྲིད་གནང་།  ནང་དོན་གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་བོད་ཀྱི་རིག་གནས་ཆེད་དོན་འགྲེལ་བརྗོད་བཅས་བོད་སྐད་ཡིག་དགེ་རྒན་རྣམ་གཉིས་ཀྱི་སློབ་ཁྲིད་གཞིར་བཟུང་ཡོད། དགེ་རྒན་གྱིས་སྤྲོ་བག་ལྡན་ཞིང་གོ་སླ་བའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མ་རྣམས་ཀྱིས་བོད་སྐད་སློབ་པར་དུང་བ་ཆེན་པོ་བསྐྱེད། “དགེ་རྒན་གཅིག་གིས་སློབ་མ་གཅིག་ལ”སློབ་ཁྲིད་བྱེད་པ་དང་།  སློབ་མ་རྣམས་ཀྱིས་ཁ་སྐད་ཀྱི་གླེང་མོལ་དང་།  བོད་ཀྱི་ལོ་སར་ལ་ཤེས་རྟོགས།  བོད་ཀྱི་གླུ་གཞས《ནོར ་བུ་གླིང་ག》གཏོང་སྟངས་སློབ་པ།  ཚན་ཆུང་ཁག་བགོས་ཀྱིས་བོད་སྐད་ཀྱི་ཟློས་གར་འཁྲབ་སྟོན།  སློབ་མས་བོད་ཀྱི་རིག་གནས་གླེང་བ་ལ་སོགས་སློབ་སྟངས་སྣ་མང་སྤྱད་དེ་སློབ་སྦྱོང་བྱས།  སློབ་གསེང་གི་སྐབས་སུ་སློབ་མ་རྣམས་ཀྱིས་དགེ་རྒན་དང་ཐད་ཀར་ཁ་བརྡ་བྱེད་པ་དང་།  སློབ་མའི་བར་ཁ་སྐད་ལམ་ནས་ཕན་ཚུན་ལ་གླེང་མོལ་བྱེད་པར་དོ་སྣང་ཆེན་པོ་བྱས་པས། ཁ་སྐད་འབྲེལ་འདྲིས་ཀྱི་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། སློབ་མ་ཕན་ཚུན་བར་སློབ་སྦྱོང་དང་། མཉམ་དུ་མཐོར་འདེགས་ཀྱི་སྟེགས་བུ་ཞིག་བསྐྲུན།

ཟབ་སྦྱོང་སྐབས་སུ་སློབ་མ་རྣམས་ཀྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་དང་། སློབ་ཐུན་ལ་དུས་ལྟར་ཞུགས་ནས་སློབ་ཁང་གི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས། འཛིན་གྲྭའི་ཨུ་ལྷན་གྱི་ཁོངས་མིས་འཛིན་གྲྭའི་འཛིན་བདག་དགེ་རྒན་གྱི་སློབ་སྟོན་འོག   སློབ་སྦྱོང་གི་ཐད་ལ་སློབ་མའི་དོ་དམ་ལམ་ལུགས་ནང་ལྟར་སློབ་མ་རང་བདག་གི་དོ་དམ་ལ་ཤུགས་བསྣན་པ་དང་།   དོ་དམ་ཚན་རིག་དང་མཐུན་ལ་དམངས་གཙོ་ཡིན་ཞིང་། ཐེངས་དུ་མར་འཛིན་གྲྭའི་ཚོགས་འདུ་དང་འཛིན་གྲྭའི་ཨུ་ལྷན་གྱི་ཚོགས་འདུ་བསྡུས་ནས་སློབ་མའི་བསམ་འཆར་ལ་ཉན།  སློབ་མ་རྣམས་ཀྱི་འཚོ་བར་ཐུགས་ཁུར་བྱས་ཏེ། སློབ་མས་སེམས་ཁྲལ་ཅི་ཡང་མེད་པར་བློ་བདེ་བག་ཕེབས་ངང་སློབ་གཉེར་ཡག་པོ་བྱེད་ཐུབ་ཡོད།    དུས་མཚུངས་སུ་ཞིང་ཆེན་ཏང་ཨུས་སློབ་ཚན་ཚོད་རྒྱུགས་དང་མཐར་ཕྱིན་ཚོད་རྒྱུགས་གཉིས་ཟུང་དུ་སྦྲེལ་ནས་སློབ་མའི་སྦྱངས་འབྲས་ལ་དཔྱད་ཞིབ་བྱས། ཚོད་རྒྱུགས་ཚད་ལྡན་མིན་པའི་སློབ་མར་ཡང་བསྐྱར་སློབ་སྦྱོང་དང་བསྐྱར་རྒྱུགས་བླངས། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ལ་བོད་སྐད་ཁ་སྐད་ཀྱི་ཚོད་རྒྱུགས་ཐོག་དང་པོ་བླངས་པར་སློབ་མ་55ཡི་རྒྱུགས་འབྲས་ལེགས་ལ་ཕན་འབྲས་མངོན་གསལ་རེད།

ཉེ་བའི་ཟླ་གཅིག་རིང་གི་ཐེངས་དགུ་པའི་ཟབ་སྦྱོང་འཛིན་གྲྭའི་བོད་སྐད་ཁ་སྐད་སློབ་སྦྱོང་འདི་བརྒྱུད་སློབ་མ་རྣམས་ཕྱོགས་གང་ཅིིའི་ཐད་ཡར་རྒྱས་བྱུང་ནས་ཁ་སྐད་གླེང་མོལ་ནུས་པ་ཇེ་ལེགས་སུ་སོང་བ་མངོན་གསལ་རེད།  དེ་སྔ་བོད་སྐད་མི་ཤེས་པའི་སློབ་མས་ཁ་སྐད་བཤད་ཤེས་པ་དང་། བོད་སྐད་ཀྱི་རྨང་གཞི་ཡོད་པའི་སློབ་མའི་ནུས་པ་སྔར་བས་ཇེ་ལེགས་སུ་བཏང་། ད་སྔ་ཟབ་སྦྱོང་འཛིན་གྲྭའི་སློབ་གཉེར་ཀྱི་དུས་ཕྱེད་ཕར་བསྐྱལ་ཞིང་། སློབ་མའི་སློབ་སྦྱོང་ཁྲོད་ཀྱི་ཤེས་བྱའི་སྣ་ཇེ་མང་དང་ཇེ་ཟབ་རེད།  བོད་སྐད་སྦྱངས་རྗེས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགྲོ་ལམ”ཕྱེས་ལ། རྗེས་ཕྱོགས་ཀྱི་ལས་ཀ་ལ་ཡང་སྟབས་བདེ་བསྐྲུན་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།