ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་སྤུན་ཟླ་ཚོར་སྨྱུང་གྲོལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

 ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་སྤུན་ཟླ་རྣམས་ལ།

ལོ་གཅིག་ཐེངས་གཅིག་གི་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ངས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མུའུ་སི་ལིན་སྤུན་ཟླ་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་ཡིན།

དུས་ཡུན་རིང་བོ་ཞིག་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མུའུ་སི་ལིན་སྤུན་ཟླས་ཏང་དང་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་སྒོས་དང་ལེན་བྱས་ནས། “ དང་ལེན་ལྔ” དང“ ཁ་འབྲལ་ཐབས་མེད་པ་གསུམ་” གྱི་བསམ་བློ་བརྟན་པོར་བཙུགས་ནས། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་པ་དང་། ཞིང་ཆེན་་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ལེའུ་གསར་པ་བརྩམས་པ་རེད།

ད་ཆ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་འོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ལག་བསྟར་བྱེད་བཞིན་ཡོད་པ་དང་།  ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར། ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕྱོགས་སུ་ཧུར་གྱིས་བསྐྱོད་བཞིན་ཡོད།  རེ་བ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མུའུ་སི་ལིན་སྤུན་ཟླའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་མི་རིགས་ཁག་སེའུ་འབྲུ་ལྟར་མཉམ་དུ་མཐུན་སྒྲིལ་དམ་པོར་བྱས་ནས། མཚོ་སྔོན་ལ་དགའ་བ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ལ་སྐུལ་འདེད་བཏང་སྟེ།  སྔར་བས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འབུལ་དགོས་པ་དེ་ཡིན།

མུའུ་སི་ལིན་སྤུན་ཟླ་ཚོར་དུས་ཆེན་ལ་དགའ་སྤྲོ་ཡོང་བ་དང་བདེ་སྐྱིད་ལྡན་པར་སྨོན་འདུན་ཞུས་པ་ཡིན།

ཞེས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཅན་ཅུན་ནས།

  2018ལོའི་ཟླ6པའི་ཚེས15ཉིན་ལ།

ལོ་ཙཱ་བ། གཡང་སྐྱིད།