འབའ་རྫོང་གིས་མང་ཚོགས་ལ་ཕན་འབྲས་མཐོ་བའི་སྲིད་དོན་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མང་ཚོགས་ལ་སྔར་བས་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི“མཉམ་སྦྲེལ་དྲ་རྒྱ+སྲིད་དོན་ཞབས་ཞུ”ལོངས་སུ་སྤྱོད་དུ་འཇུག་ཆེད། ད་ལྟའི་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་ཞིང་ཆེན་སྲིད་གཞུང་བྱ་བའི་ཆ་འཕྲིན་མ་ལག་ཕྱོགས་བསྡུས་མཉམ་སྤྱོད་ཀྱི་བྱ་བའི་བྱེད་ཕྱོགས་ལྟར། འབའ་རྫོང་གི་འགན་དབང་གསལ་ཐོ་ལ་ཟུང་འབྲེལ་བྱས་ནས། ལས་ཁུངས་དང་སྡེ་ཁག་རེ་རེ་ཕྱོགས་བསྡུས་བྱས་ནས་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། སྲིད་དོན་བྱ་བའི་རྣམ་གྲངས་རེ་རེ་ལ་སྒྲིག་འགོད་ནན་མོ་བྱས་པ་རེད།

ད་ལྟའི་བར་དུ་སྲིད་གཞུང་གི་སྡེ་ཁག་སོ་སོས་སྲིད་དོན་ཞབས་ཞུའི་གསལ་ཐོ་སྒྲིག་བཀོད་བྱ་བ་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད། ཐེངས་འདིའི་སྒྲིག་བཀོད་ནང་དུ་བསྡོམས་པའི་གསལ་ཐོ་བྱ་བའི་རྣམ་གྲངས3377ལ་འབྲེལ་བ་ཡོད་པ་དང་། དེའི་ནང་སྲིད་འཛིན་གྱི་ཆོག་ཡིག་ཐོབ་པའི་རྣམ་གྲངས174དང་། སྲིད་འཛིན་གྱིས་ཆད་པ་གཅོད་པའི་རྣམ་གྲངས2397། སྲིད་འཛིན་གྱིས་བསྡུ་ལེན་བྱས་པའི་རྣམ་གྲངས33། སྲིད་འཛིན་རིན་བསྡུ་རྣམ་གྲངས24། སྲིད་འཛིན་གྱི་སྦྱིན་སྤྲོད་རྣམ་གྲངས26།  སྲིད་འཛིན་གྱིས་ཁྲུན་ཐག་གཅོད་པའི་རྣམ་གྲངས10། སྲིད་འཛིན་གྱིས་གཏན་འཁེལ་བྱས་པའི་རྣམ་གྲངས24། སྲིད་འཛིན་གྱིས་བྱ་འགའ་གནང་བའི་རྣམ་གྲངས24། སྲིད་འཛིན་གྱིས་བསྡུ་སྤྱོད་བྱས་པའི་རྣམ་གྲངས1། སྲིད་འཛིན་གྱིས་ལྟ་སྐུལ་ཞིབ་བཤེར་བྱས་པའི་རྣམ་གྲངས261།  ཁེ་དབང་གཞན་དག་རྣམ་གྲངས233དང་ལས་རིམ་རི་མོའི་རྣམ་གྲངས540བཅས་ཡོད་པ་རེད།

སྲིད་དོན་ཞབས་ཞུ་བྱ་བའི་གསལ་ཐོ་དེ་གཙོ་གཟུགས་དང་བྱ་བའི་རིགས། མིང་། རྩ་བའི་སྒྲིག་རྟགས་ཨང་གྲངས། གཞི་འཛིན་ས་སྒྲིག་འཛུགས། སྒྲུབ་འགན་ལས་ཁུངས།  འགན་འདེད་གནས་སྟངས་སོགས་རིམ་པ་ལྟར་བཀར་ནས། བསྡོམས་པས་བྱ་བའི་རྣམ་གྲངས23629ཁ་སྐོང་བྱས་ལ། སྲིད་དོན་ཞབས་ཞུ་དེ་ཆེད་ལས་ཅན་དང་། ཞིབ་ཆ་ཅན། སྟབས་བདེ་ཅན་གྱི་རྣམ་པ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།