རང་རེའི་ཞིང་ཆེན་གྱིས་དངུལ་རྩས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་སྐོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཝང་ཅིན་ཅུན་གྱིས་ཚོགས་ཐོག་ཏུ་གཏམ་བཤད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་གསུམ་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་དང་།  དངུལ་རྩའི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་གྱི་ཕན་ཕྱོད་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏང་ཆེད། ཟླ6པའི་ཚེས20ཉིན་ལ་རང་རེའི་ཞིང་ཆེན་གྱིས་དངུལ་རྩས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད།

ཚོགས་ཐོག་ཏུ་ཝང་ཅིན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ། དངུལ་རྩའི་ལས་ཁུངས་ཁག་མཚོ་སྔོན་དུ་ཡོང་ནས་མཉམ་དུ་དངུལ་རྩའི་འཕེལ་རྒྱས་ཐད་ལ་ཐབས་གཅིག་ཏུ་ཇུས་འདོན་པ་དང་། མཉམ་གཅིག་ཏུ་རྣམ་གྲངས་མཉམ་ལས་ཐད་གྲོས་བསྡུར་བར་དགའ་བསུ་དང་།  དུས་ཡུན་རིང་བོར་མཚོ་སྔོན་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས།  ཁོང་གིས།  ཏང་གི་ཚོགས་ཆེན་བཅུ་དགུ་བས་མངའ་ཁོངས་མཐུན་སྦྱོར་གོང་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་བརྒྱབ་ཡོད་ཅིང་།  ད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་གཞུང་གི་ལས་དོན་སྙན་ཞུ》ནང་ཐོག་མར“མཚོ་སྔོན་རོགས་སྐྱོར”ཞེས་པའི་མཚན་ཉིད་ཅིག་བཏོན་སོང་བས། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་དངུལ་རྩའི་ཁྱབ་ཁོངས་ཀྱིས་ས་ཁུངས་མཐུན་སྦྱོར་གོང་སྤེལ་གྱི་འཐབ་ཇུས་དང་། མཚོ་སྔོན་རོགས་སྐྱོར་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་མཚོན་སྟངས་ཤིག་ཡིན་ཞེས་བརྗོད།

ཝང་ཅན་ཅུན་གྱིས་བཤད་དོན།  དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྙིང་བོ་ཡིན། དངུལ་ཁང་གིས་དངུལ་རྩའི་མ་ལག་ཁྲོད་ལྟེ་བའི་གོ་གནས་བཟུང་ཡོད་པས། དངུལ་རྩ་ལ་སློབ་སྦྱོང་ལེགས་པོ་དང་། དངུལ་ཁང་ལ་རྒྱབ་བརྟེན་བཅོལ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་གཏན་གྱི་བརྗོད་གཞི་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དངུལ་རྩའི་ལས་དོན་ལ་མཐོང་ཆེན་ཚད་མེད་དང་། དངུལ་ཁང་ལས་རིགས་ཀྱི་བདེ་ཐང་འཕེལ་རྒྱས་ལ་དོ་སྣང་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་དངུལ་རྩ་འཛིན་སྐྱོང་ལེགས་པོ་དང་། དངུལ་རྩ་བེད་སྤྱོད་ལེགས་པོ། དངུལ་རྩར་དོ་དམ་ལེགས་པོ་བྱེད་དགོས་པ་དང་། དངུལ་རྩའི་ལས་ཁུངས་དང་། སྲིད་གཞུང་། ཁེ་ལས་གསུམ་ནི་ལས་དབང་མཉམ་འདུས་ཀྱི་གཟུགས་གཅིག་ཡིན་པས། སྲིད་གཞུང་གི་འགན་འཁྲི་ནི་གོང་སྤེལ་གྱི་ཁོར་ཡུག་བཟང་པོ་འདོན་རྒྱུ་དེ་ཡིན་པ་དང་། དངུལ་རྩའི་འགན་འཁྲི་ནི་སྤུས་ལེགས་པའི་དངུལ་རྩར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ཁེ་ལས་སོ་སོའི་འགན་འཁུར་ནི་མ་དངུལ་མཉམ་བསྲེས་ཀྱི་ཡིད་རྟོན་ལེགས་པོ་རྒྱུན་བསྐྱངས་དགོས་པ་དེ་ཡིན། གནད་འདི་ལྟ་བུ་ཞིག་ནས་གླེང་ན་སྲིད་གཞུང་བཟང་ན་དངུལ་རྩ་བཟང་བ་དང་། ཁེ་ལས་བཟང་ན་དངུལ་རྩལ་བཟང་།  དངུལ་རྩ་བཟང་ན་སྲིད་གཞུང་ལ་ཕན་པ་ཡིན་ཞེས་བསྟན།

ཁོང་གིས་མཚོ་སྔོན་ནི་རེ་བས་ཡོངས་སུ་བརྟས་པའི་གཤིན་ས་ཆེན་པོ་ཞིག་ཡིན། མཚོ་སྔོན་གྱི་འབྱུང་འགྱུར་ལ་བག་ཡོད་ཀྱི་འཛུགས་སྐྲུན་དགོས།  རེ་བ་ནི་དངུལ་རྩའི་ལས་ཁུངས་སོ་སོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཚོ་སྔོན་ལ་དོ་སྣང་དང་། མཚོ་སྔོན་ལ་ཞིབ་འཇུག་བྱས་ཏེ།  ལས་ཐམས་ཅད་ཀྱི་འབྲས་བུ་ང་ལས་བྱུང་བ་མིན་ཡང་། ང་དང་འབྲལ་མི་མི་རུང་བའི་བློ་རྩ་བརྟན་པོ་ཞིག་ཡོད་པའི་སྒོ་ནས་མཉམ་གཅིག་ཏུ་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་ཚོགས་ཐོག་ཏུ་ཞུགས་ཤིང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཝང་ལི་མེང་གིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ།   ཀྲུང་གོའི་བཟོ་ཚོང་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། ཞིན་དབྱི་དངུལ་ཁང་བཅས་དངུལ་ཁང་གསུམ་གྱི་སྤྱི་ཁྱབ་པུའུ་བར་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིར་གྲོས་ཆིངས་བཞག   མཚོ་སྔོན་དུ་བཅའ་སྡོད་བྱས་པའི་དངུལ་རྩའི་ལས་ཁུངས12ཀྱིས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། བཟོ་ལས་གླིང་ཁུལ། ཁེ་ལས་གཙོ་བོ་བར་ལ་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་བཞག  ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་གིས། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་། ཐོན་ལས་གོང་སྤེལ་གྱི་ཁ་ཕྱོགས་གཙོ་བོ། དེ་མིན་ལས་གཞི་གལ་ཆེན་དང་། མ་དངུལ་གྱི་དགོས་མཁོ་བཅས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དངུལ་ཁང14ཡི་སྤྱི་ཁྱབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བ་རྣམས་ཀྱིས་ཕན་ཚུན་བར་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད།

ལོ་ཙཱ་བ། ཁོན་ཐར་འཚོ།