རྟ་ཐང་རྫོང་གིས་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་ཉིན་རེ་བཞིན་འཐུས་ཚང་ཅན་དུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་རྟ་ཐང་རྫོང་གིས་འགོ་འཛུགས་སའི་སྒྲིག་སྲོལ་དང་མ་རྩ་གཏོང་ཚད་ཆེས་ཆེར་བཏང་སྟེ་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལ་ཤུགས་བསྣན་ནས་མཁར་གྲོང་གཅིག་གྱུར་ཅན་གྱི་འཕེལ་རིམ་ལ་ཧུར་ཐག་གིས་སྐུལ་འདེད་བྱས་པ་རེད། ད་ལྟའི་བར་རྟ་ཐང་རྫོང་གིས་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་ཚང་ཅན་དུ་བཏང་ཞིང་། ཁོར་ཡུག་གི་སྤུས་ཚད་ལ་ཡང་མུ་མཐུད་དུ་བཅོས་སྒྱུར་བྱས་ཏེ་མཁར་གྲོང་གི་ཁྲིམས་འཛིན་ནུས་ཤུགས་མུ་མཐུད་དུ་ཆེས་ཆེར་བཏང་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། རྟ་ཐང་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར22.3བཏང་སྟེ་ཨན་མོན་ལམ་དང་ལུས་རྩལ་ལམ་སོགས་ཀྱི་གཞུང་ལམ་རྒྱ་བསྐྱེད་པ། མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་བསྐྲུན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་གྱི་རྣམ་གྲངས44ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3.19བཏང་། དོན་དངོས་ལག་བསྟར་ཁྲོད་གླིང་ཆུ་མཛོད་ཀྱི་ཡུར་ལམ་ལ་བཅོས་སྒྱུར་དང་། ཞིང་ས་ཆུ་མེད་པ་ལ་སྣ་འཛོམས་བཅོས་སྐྱོང་སོགས་ཀྱི་ཆུ་བེད་ཆུ་སྲུང་ལས་གཞི་མི་འདྲ་བ19ལ་མ་དངུལ་སྒོར་དུང་ཕྱུར9.67བཏང་ཡོད། རྟ་ཐང་ནས་ཁུ་ཐོའུ་མྱུར་བགྲོད་གཞུང་ལམ་སོགས་བཟོ་སྐྲུན་ཆེན་པོ4མཐུད་སྦྲེལ་བྱས་ཤིང་། རྟ་ཐང་སྤྱི་སྤྱོད་འཁོར་ལྟེ་ས་ཚིགས་སོགས་འགྲུམ་འགྲུལ་གཞུང་ལམ་ལས་གཞི26ལག་བསྟར་བྱས་ཡོད། 2018ལོར་ལམ་དོག་མོ་དག་གི་ཞེང་ཚད་ཆེས་ཆེར་གཏོང་བའི་རྣམ་གྲངས་སྲ་བརྟན་གྱིས་སྐུལ་འདེད་བཏང་ཡོད།

དེ་དང་ཆབས་ཅིག་ཏུ་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་མུའུ་ཁྲི10.24ཡོངས་འགྲུབ་བྱས་ཡོད། མ་དངུལ་སྒོར་ཁྲི990བཏང་སྟེ་སུའུ་པེ་ཤང་གི་ཡུལ་ལྗོངས་ལྗང་བསྒྱུར་བྱེད་པའི་རྣམ་གྲངས་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར1.7བཏང་ནས། མཚོ་སྔོན་གློག་ཤུགས་རྟ་ཐང་གློག་འདོན་ཚད་ཡོད་ཀུང་ཟིའི་འབར་རྫས་འཕྲུལ་ཆས་སྒྲིག་གཞི་ལ། ཕྱིར་གཏོང་བཅོས་སྐྱོང་རྣམ་གྲངས་ལག་བསྟར་སྒོས་གཟབ་ནན་ཆེན་པོའི་སྒོ་ནས་བྱང་རྒྱུད་ཆུ་བོའི་འབབ་རྒྱུད་ཀྱི་བཙོག་ཆུའི་འགོག་བཅོས་བྱ་བ་ནན་ཏན་སྒོས་སྤེལ་ནས། ཆུ་བོའི་འབབ་རྒྱུད་དུ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས། དེ་མིན་རྫོང་ནང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་དོགས་སེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབལྟ་སྐུལ་བཅོས་སྐྱོང་བྱ་བའི་ཚད་གཞི་རྒྱུན་འཁྱོངས་བྱས་ཤིང་རམ་འདེགས་མི་འགྱུར་བ་དང་ཚད་གཞི་མི་ལྷོད་པ། ཚད་ལྡན་མི་ལྟུང་བ་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཕན་ནུས་ངེས་ཅན་གྱི་སྒྲིག་གཞི་འཐུས་ཚང་ཅན་དུ་བཏང་ཞིང་། 《རྟ་ཐང་རྫོང་གི་རྒྱལ་ཡོངས་སྐབས་གཉིས་པའི་ཆུའི་སྦགས་བཙོག་འགོ་ཁུངས་རྩད་གཅོད་བྱ་བའི་ཇུས་གཞི》ཞེས་པ་གཏན་འབེབས་བྱས་ཤིང་། རྫོང་ཡོངས་ཀྱི་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཆུའི་འགོ་ཁུངས་ལ་སྤགས་བཙོག་ཐེབས་པ་རྩད་གཅོད་བྱེད་པའི་བྱ་བར་སྐུལ་འདེད་བྱས་པ་རེད།

དེ་ལས་གཞན་ཁྲིམས་འགལ་སྒྲིག་འགལ་གྱི་བཟོ་སྐྲུན་བཤིགས་པའི་ཚད་གཞི་ཆེས་ཆེར་བཏང་ཞིང་། ཁྱོན་བསྡོམས་ཁྲིམས་འགལ་རང་བཞིན་གྱི་བཟོ་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ896.62ལྷག་ཡོད་པ་ལྷག་བཤིགས་པ་མ་ཟད། གཅིག་གྱུར་གྱི་ས་གཞིའི་སྟེང་ཁྲིམས་འགལ་སྒྲིག་འགལ་གྱི་བཟོ་སྐྲུན་རིགས་མི་འདྲ་བ6རྩད་གཅོད་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།