སྐབས་ལྔ་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་མཛད་སྒོ་ཕྱེས་ནས་ཚད་ལེན་ཞིབ་བཤེར་རིམ་པ4ལེགས་འགྲུབ་བྱུང་པ།

འགྲན་ཞུགས་ཡུལ་དངོས་ལ་སྐྱོད་བཞིན་པའི་རླངས་འཁོར་རུ་དཔུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས26ཉིན། སྐབས་ལྔ་པའི་མཚོ་སྔོན་པོ་སྐོར་པའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟློས་གར་ཁང་གི་ཐང་ཆེན་དུ་སྤེལ། རླངས་འཁོར་འགྲན་སྡུར་གྱི་མཛད་སྒོའི་རྗེས་སུ་འགྲན་སྡུར་ལ་ཞུགས་པའི་གློག་སྒུལ་རླངས་འཁོར་རུ་དཔུང་ཟི་ལིང་གྲོང་ཁྱེར་ནས་ཚྭ་ཁའི་ཕྱོགས་སུ་བསྐྱོད་དེ། མཛད་སྒོའི་ཉིན་དང་པོའི་མཚོ་སྐོར་ཚད་ལེན་ཞིབ་བཤེར་བྱས་པ་རེད།

 མང་ཚོགས་འགྲན་སྡུར་ཁྲོད་ཟབ་ཞུགས་བྱས་པ།

  ཚད་ལེན་ཚོད་ལྟ་བྱེད་པའི་སྐབས།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ལྔ་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ690ཡོད་ལ། ཟི་ལིང་གྲོང་ཁྱེར་ནི་ཐེངས་འདིའི་འགྲན་སྡུར་གྱི་འགོ་ཚུགས་ས་དང་མཇུག་བསྡུ་སར་གཏན་འཁེལ་གནང་ཡོད། ཐེངས་འདིའི་འགྲན་སྡུར་ལ་ཁྱོན་བསྡོམས་འགྲན་རིམ་མི་འདྲ་པ8ཡོད་དེ། རིག་སྨོན་གྲོང་བརྡལ་དང་རྣུ་ལྕེ། དབུས་ཚྭ་མཚོ། ཐེམ་ཆེན། རྐང་ཚ། རྡུལ་ཕྲན་མཁར་བཅས་བརྒྱུད་ནས་མཇུག་མཐར་མཚོ་སྔོན་ཟློས་གར་ཁང་གི་ཐང་ཆེན་དུ་བསླེབ་དགོས་པ་རེད།

  

མཁོ་སྤྲོད་ཐད་ཀྱི་འགན་སྲུང་།

ཉིན་དེའི་སྔ་དྲོའི་དུས་ཚོད10ཡི་སྟེང་། འགྲན་ཞུགས་རླངས་འཁོར་རུ་དཔུང་ཟི་ལིང་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ཉི་ཟླ་རི་བོ་དང་རིག་སྨོན་ཆུ། རྣུ་ལྕེ། རྟ་ནག་མ་སོགས་བརྒྱུད་དེ་མཇུག་མཐར་དབུས་ཚྭ་མཚོའི་ཁ་རུ་སླེབས་ནས་སྤྱི་ལེ291གི་མཚོ་སྐོར་འགྲན་སྡུར་གྱི་ཚད་ལེན་ཞིབ་བཤེར་ཡོངས་འགྲུབ་བྱས་ཤིང་། དེས་ཐེངས་འདིའི་འགྲན་སྡུར་གྱི་ཆེས་གལ་ཆེ་བའི་མཚོ་སྐོར་ཚད་ལེན་ཞིབ་བཤེར་གྱི་སྒོ་གླེགས་དེ་ཡོངས་སུ་ཕྱེས་ཟིན་པ་ཡང་མཚོན།

རླངས་འཁོར་དག་ལ་ཚྭ་མཚོའི་ཁ་རུ་ཚད་ལེན་ཞིབ་བཤེར་ཚོད་ལྟ་བྱེད་བཞིན་པ།

ཟླ6པའི་ཚེས27ཉིན། སྐབས་ལྔ་པའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་འགྲན་རིམ་གཉིས་པ་འགོ་རྩོམ་རྒྱུ་ཡིན་ལ། ཉིན་གཉིས་པར་ཁྱོན་བསྡོམས་འགྲན་རིམ་མི་འདྲ་བ་གསུམ་ལ་འགྲན་སྡུར་ཚད་ལེན་ཞིབ་བཤེར་ཚོད་ལྟ་བྱེད་རྒྱུ་ཡིན་ལ། དེའི་ཁོངས་སུ་གློག་སྒུལ་རླངས་འཁོར་གྱི་རི་འཛེག་ནུས་པ་དང་སྒྲ་དམའ་པའི་ནུས་པ། ཕྱི་རོལ་གྱི་མཛེས་པ་ཇུས་འགོད་སོགས་ལ་ཚད་ལེན་ཞིབ་བཤེར་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།