མཚོ་ནུབ་ཁུལ་ན་གོར་མོའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་མིང་རྟགས་འགོད་པའི་མཛད་སྒོ་བསྡུས་པ།

 

ཟླ6པའི་ཚེས27ཉིན་གྱི་སྔ་དྲོར། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་དངུལ་གཏོང་འཇོག་ཉོ་ཚོང་གྲོས་མོལ་འཚོགས་འདུ་ལས་མཚོ་ནུབ་ཁུལ་ན་གོར་མོ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་ཁུལ་གསར་པ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བསྡུས།

 

མཛད་སྒོའི་སྟེང་ཐེམ་ཆེན་རྫོང་དང་མཚོ་སྔོན་ཞིང་ཆེན་ཀོ་ཐུག་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་གཉིས་ཕྱོགས་གཉིས་ཀར་ལྡན་ཕན་ཁེ་ལྡན་ཞིང་། ཡུན་རྒྱུན་མཉམ་འབྲེལ། མཉམ་གཅིག་འཕེལ་རྒྱས་ཡོང་བ་གཞི་བྱས་ཐོག  མ་དངུལ་སྒོར་དུང་ཕྱུར་གཅིག་གཏོང་འཇོག་ལ་གྲོས་མཐུན་བྱུང་སྟེ་མིང་རྟགས་བཀོད་པ་རེད།

ཐེངས་འདིའི་མཉམ་འབྲེལ་ལས་ཐེམ་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་དང་ཐོན་ལས་གསུམ་པའི་འཕེལ་རྒྱས། སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་དགེ་མཚན་མི་དམན་པ་འདོན་ངེས་རེད།


གསར་འགོད་པ། གཅོད་པ་ཐར།