འབའ་རྫོང་གིས“བདུན་གཅིག”རྟེན་འབྲེལ་ཞུ་བའི་དམར་དམག་རྒྱང་སྐྱོད་སྐབས་ཀྱི་གླུ་དབྱངས་འགྲན་སྡུར་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར97ལོན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བསམ་བློ་རྒྱ་བསྐྱེད་པ། ཁག་ཁུར་བྱེད་ཕོད་པ་བཅས་ཏང་ཡོན་གྱི་སྔོན་ཐོན་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་འབའ་རྫོང་གསར་པ་མགྱོགས་པོར་བསྐྲུན་ཆེད། “བདུན་གཅིག”གི་སྔོན་ལ། མཚོ་ལྷོ་བོད་རིགས་

ཐེངས་འདིའི་འགྲན་བསྡུར་ཁྲོད་དུ། འགྲན་ཞུགས་པ་རྣམས་ཀྱིས་དམར་དམག་རྒྱང་སྐྱོད་ཀྱི་དཔེ་མཚོན་གླུ་གཞས18བླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར97ལོན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བསྟོད་བསྔགས་བྱས་པར་མ་ཟད། རྫོང་ཡོངས་ཀྱི་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅིངས་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་འབའ་རྫོང་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་མཚོན་པར་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།