མཚོ་ནུབ་ཁུལ་གྱིས་དམངས་ཚིས་གཞི་རྒྱུ་རིགས་ལྔའི་ཞིབ་བཤེར་བྱ་བར་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་པའི་འཕྲིན་ལྟར་ན། མཚོ་ནུབ་ཁུལ་གྱིས་དམངས་ཚིས་གཞི་རྒྱ་རིགས་ལྔའི་ཞིབ་བཤེར་བྱ་བ་དེས་ཁྱིམ་ཚང་གང་མང་ཞིག་ལ་ཁེ་ཕན་བསྐྲུན་པར་འགན་བཅོལ་བྱེད་པ་དང་། རྒྱུ་སྤུས་དང་ཚད་གཞི་ཡོངས་འགྲུབ་གྱི་བྱ་བའི་དགོས་མཁོ་ཡོངས་སུ་འགྲུབ་པར་བྱ་ཆེད། མིག་སྔར་ཁུལ་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་དམངས་ཚིས་གཞི་རྒྱུ་རིགས་ལྔའི་ཞིབ་བཤེར་བྱ་བའི་རྣམ་གྲངས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་པའི་གསབ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཧྲིན་ཀྲིན་ཧྭ་ཏ་གཞི་རྒྱུ་ཀུང་ཟིའི་ལས་བྱེད་མི་སྣ་གདན་འདྲེན་གྱིས་སློབ་ཁྲིད་དང་མཛུབ་སྟོན་བྱ་བ་དེ་བསྒྲུབ་ཏུ་བཅུག ཁུལ་ཡོངས་ཀྱི་གྲོང་ཁྱེར་སོ་སོ་དང་རྫོང་། སྲིད་ཨུའི་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན་གྱི་སྲིད་འཛིན་དོ་དམ་སྡེ་ཁག་གི་རྣམ་གྲངས་འགན་ཁུར་མི་སྣ་དང་མི་དམངས་སྨན་ཁང་སོ་སོ། བུད་མེད་དང་འཆར་ལྡན་བུ་སྐྱེ་ལྟེ་གནས། ཤང་དང་གྲོང་བརྡལ་དག་གི་ལག་རྩལ་རྐང་འཛིན་མི་སྣ40ལྷག་ཐེངས་འདིའི་གསབ་སྦྱོང་ལ་ཞུགས་པ་རེད།

གསབ་སྦྱོང་འཛིན་གྲྭ་དེར་ཧྭ་ཏ་གཞི་རྒྱ་ཀུང་ཟིའི་ལས་བྱེད་མི་སྣ་དག་གིས་དམངས་ཚིས་གཞི་རྒྱུ་རིགས་ལྔའི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུའི་འགྲེལ་བརྗོད་དང་མཇུག་འབྲས་ཐག་གཅོད་སོགས་ཀྱི་ནང་དོན་ཐད་ནས་གསབ་སྦྱོང་མི་སྣ་དག་ལ་རྒྱས་བཤད་གསལ་པོ་གནང་། ཁུལ་མི་དམངས་སྨན་ཁང་དང་ན་གོར་མོ་གྲོང་ཁྱེར་བུད་མེད་དང་འཆར་ལྡན་བུ་སྐྱེས་ལྟེ་གནས་སོགས་ལས་ཁུངས་ཀྱི་གསབ་སྦྱོང་མི་སྣ་དག་གིས། སོ་སོའི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་གང་ལེགས་མང་པོ་ཕན་ཚུན་ལ་མཉམ་སྤྱོད་བྱས་ཤིང་། གསབ་སྦྱོང་ཁྲོད་ཟབ་ཞུགས་བྱས་པའི་མི་སྣ་དག་ལ་བསམ་བློ་བརྗེ་རེས་བྱས་པ་མ་ཟད། སློབ་མ་དག་གིས་གསོན་ཉམས་ལྡན་པའི་སྒོ་ནས་ཕན་ཚུན་བར་ལ་བསམ་ཚུལ་བརྗོད། ཐེངས་འདིས་གསབ་སྦྱོང་འཛིན་གྲྭ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་ནུབ་ཁུལ་གྱི་དམངས་ཚིས་གཞི་རྒྱུ་རིགས་ལྔའི་ཞིབ་བཤེར་བྱ་པའི་སྤུས་ཚད་མཐོར་འདེགས་སུ་གཏོང་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

རྒྱུས་ལོན་བྱུང་པ་ལྟར་ན། དམངས་ཚིས་གཞི་རྒྱུ་རིགས་ལྔའི་ཞིབ་བཤེར་བཟོ་སྐྲུན་ནི2017ལོའི་མཚོ་ནུབ་ཁུལ་གྱི་དམངས་ཚིས་བཟོ་སྐྲུན་ཆེན་པོ་བཅུའི་ཁྲོད་ཀྱི་གཅིག་ཡིན་ཞིང་། དེས་མ་བུའི་བདེ་སྲུང་ལ་འགན་བཅོལ་དང་ཕྲུ་གུ་སྐྱེ་དུས་ཀྱི་ཉེན་ཁའི་ཚད་གཞི་སྔར་ལས་ཇེ་དམའ་རུ་བཏང་ཡོད། སྐྱེ་འཕེལ་བྱུང་བའི་མི་གྲངས་ཀྱི་སྤུས་ཚད་མཐོར་འདེགས་དང་། མི་དམངས་ཀྱི་བདེ་ཐང་ཁེ་ཕན་དང་དམངས་ཕན་བཟོ་སྐྲུན་ལ་འགེབས་སྲུང་བྱས་ཡོད། ཞིབ་བཤེར་རྣམ་གྲངས་ཆེན་པོ་ལྔ་ནི་སོ་སོར། བུད་མེད་དག་ལ་རིན་མེད་སྒོས་རྨ་ཁ་མེད་པའི་སྦྲུམ་སྔོན་གཞི་རྒྱུའི་ཞིབ་བཤེར་བྱེད་པ། གསར་སྐྱེས་ཕྲུ་གུའི་རྒྱུད་འཛིན་རྙིང་ཚབ་གསར་བརྗེ་གྱི་རིམས་ནད་ལ་ཞིབ་བཤེར་བྱེད་པ། གསར་སྐྱེས་ཕྲུ་གུའི་རྒྱུད་འཛིན་རང་བཞིན་གྱི་རྣ་བ་འོན་པའི་ཚད་ལ་ཞིབ་བཤེར་ཚད་ལེན་བྱེད་པ། གསར་སྐྱེས་ཕྲུ་གུའིDNAཡི་ཡིག་ཚགས་གསར་བཟོ། བུ་སྣོད་མངལ་སྐྲན་གཞི་རྒྱུ་ཡོད་མེད་ལ་ཞིབ་བཤེར་རྩད་གཅོད་བྱེད་པ་བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།