གཞི་རིམ་སྨན་རིན་བཅོས་སྒྱུར་གྱིས་མཚོ་ཤར་གྱི་ཤང་དང་གྲོང་བརྡལ་གྱི་མང་ཚོགས་ལ་ཁེ་ཕན་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་མཚོ་ཤར་ཁུལ་གྱིས་མུ་མཐུད་དུ“རྨང་གཞི་ལ་འགན་བཅོལ་དངགཞི་རིམ་བརྟན་པོར་གཏོང་པ། སྒྲིག་གཞི་གསར་འཛུགས་བྱེད་པ”བཅས་ཀྱི་བཅོས་སྒྱུར་རེ་འདུན་གཞིར་བཟུང་ནས། གཞི་རིམ་སྨན་བཅོས་སྒྲིག་གཞིའི་བཅོས་སྒྱུར་དང་སྣ་འཛོམས་བྱེད་ཐབས་ལ་སྐུལ་འདེད་ཀྱིས་གཙོ་གནད་དེ་ཞན་ཆ་ཁ་གསབ་བྱེད་པའི་སྟེང་བཞག་ནས། གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ཆ་རྐྱེན་དང་ཞབས་ཞུའི་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཞིང་། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གིས“ནད་ལ་སྟོན་དཀའ་བའི་དཀའ་ཁག”ཁྱད་གསོད་བྱེད་པའི་ཞབས་ཞུའི་ནུས་ཤུགས་དེ་མུ་མཐུད་དུ་མཐོར་འདེགས་སུ་བཏང་པ་རེད།

ད་ལྟའི་ཆར་གྲོང་ཁྱེར་ཧྲིལ་པོར་མ་དངུལ་སྒོར་ཁྲི22842བཏང་སྟེ། སྡེ་བ354གྱི་འཕྲོད་བསྟེན་ཁང་། ཤང་དང་གྲོང་བརྡལ17གྱི་འཕྲོད་བསྟེན་གླིང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང3 མ་བུ་བདེ་སྲུང་གླིང2བཅས་གསར་འཛུགས་དང་རྒྱ་བསྐྱེད་པ་རེད། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་ལ་ཀྲུང་ལུགས་སྨན་བཅོས་ཁང་གསར་འཛུགས་བྱེད་པར་ཤུགས་སྣོན་བྱས། དེ་ལྟར2017ལོའི་ལོ་མཇུག་ལ་སླེབས་དུས་ཁྱོན་བསྡོམས་ཀྲུང་ལུགས་སྨན་བཅོས་ཁང57གསར་འཛུགས་བྱས་ཡོད། 2018ལོར་ཡང་བསྐྱར46གསར་འཛུགས་བྱས་ཏེ་འཛུགས་བསྐྲུན་མ་དངུལ་སྒོར་ཁྲི460བཏང་ནས་རྫོང་སོ་སོ་དང་ས་ཁུལ་སོ་སོར་ཆ་རྐྱེན་འཐུས་ཚང་དུ་གཏོང་བའི་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་དག་གིས་ཀྲུང་ལུགས་སྨན་བཅོས་ཁང་གསར་འཛུགས་བྱེད་དགོས། སྡེ་བའི་འཕྲོད་བསྟེན་ཁང440ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི44སྟེ་ཆ་སྙོམས་སྒོར་ཁྲི་གཅིག་གིས་སྨན་བཅོས་སྒྲིག་ཆས་དང་མེ་ལུམས། སྐམ་ཁབ་སོགས་རྒྱུན་མཐོང་གི་ཀྲུང་ལུགས་སྨན་བཅོས་སྒྲིག་ཆས་ཚད་ལྡན་གྲ་སྒྲིག་བྱས་པ་མ་ཟད། སྡེ་བའི་སྨན་པ་དག་གིས་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་དང་རྫོང་རིམ་པའི་སྨན་བཅོས་ཐད་ལ་ལག་རྩལ་གྱི་རྟེན་གཞི་འོས་འཚམ་རེ་གསབ་སྦྱོང་བྱས་ཏེ། ཞིང་སྡེའི་སྨན་པའི་ཁྲོད་ཀྱི་ཀྲུང་ལུགས་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་པ་རེད།

དེ་དང་ཆབས་ཅིག་ཏུ་ཀྲུང་ལུགས་སྨན་བཅོས་ཁང་འཛུགས་བསྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་། 2017ལོར་གྲོང་ཁྱེར་ཡོངས་སུ་སྨན་བཅོས་སྒྲིག་གཞིའི་ཐུན་མོང་ངོ་བོ་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་མ་ཟད། གྲུབ་འབྲས་ཡང་སྔ་ན་མེད་པ་ཞིག་བླངས། དེ་མིན་བརྡ་འཕྲིན་ཅན་གྱི་འཛུགས་བསྐྲུན་བྱ་བར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། ད་ལྟ་གྲོང་ཁྱེར་ཡོངས་སུ་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་དང་རྫོང་རིམ་པའི་སྤྱི་གཞུང་སྨན་ཁང26གསར་འཛུགས་ཀྱིས་རྒྱང་བསྒྱུར་ནད་ཐོག་སྨན་བཅོས་ཀྱི་མ་ལག་གསར་འཛུགས་བྱས་ཏེ། རྫོང་རིམ་པའི་སྤྱི་གཞུང་སྨན་ཁང་གིས་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་གི་སྨན་བཅོས་ནད་ཐོག་བརྟག་དཔྱད་ཐད་ཁ་གཏད་རང་བཞིན་གྱི་མཛུབ་སྟོན་གསལ་པོ་བྱས། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་གླིང་གིས་ནད་པ་དག་ལ་ཐད་ཀར་དུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཆེད་མཁས་པ་དག་གིས་ཐད་ཀར་དུ་སྨན་བཅོས་མཛུབ་སྟོན་བྱེད་དུ་བཅུག་ཡོད།

ད་ལྟའི་ཆར་གྲོང་ཁྱེར་ཡོངས་སུ་གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་སོགས་རིན་མེད་སྒོས་མཁར་གྲོང་སྡོད་དམངས་ལ་འདོན་སྤྲོད་བྱས་ཤིང་། ཞབས་ཞུའི་རྣམ་གྲངས་ཡང་རྒྱལ་ཁབ་ཀྱི་རིགས་མི་འདྲ་པ9ནས་རིགས17ལ་རྒྱ་བསྐྱེད།ཆ་སྙོམས་མི་རེར་ཁ་གསབ་རོགས་སྐྱོར་གྱི་ཚད་གཞི་དེ་ཡང2010ལོའི་སྒོར15ནས2018ལོར་སླེབས་དུས་སྒོར55ལ་ཡར་འཕར་དུ་བཅུག མཁར་གྲོང་སྡོད་དམངས་ཀྱི་སྒྲིག་སྲོལ་ཅན་གྱི་གློག་རྡུལ་བདེ་ཐང་ཡིག་ཚགས་ལས་པའི་ཚད་གཞི་དེ་ཡང་བརྒྱ་ཆའི95ལ་སླེབས། ཁྲིམས་གཏན་འགོས་ནད་ཕོགས་པའི་སྙན་ཞུ་དེ་དག་གི་ཚད་གཞི་ཡང་བརྒྱ་ཆའི་བརྒྱ་ལ་སླེབས། འཆར་གཞིའི་ཁྲོད་ཀྱི་རིམས་ནད་སྔོན་འགོག་རིགས11ཡོད་པ་དེ་ཡང་མུ་མཐུད་དུ་བརྒྱ་ཆའི་གོ་ལྔའི་ཡན་ལ་སླེབས་ཡོད། ཁྱིམ་ཚང་གི་སྨན་པས་སྨན་བཅོས་ཐད་ཀན་རྒྱ་འཇོག་པའི་ཞབས་ཞུའི་བྱ་བ་དེ་ཧུར་ཐག་གིས་སྤེལ་བ་དང་། སྡོད་དམངས་དག་ལ་གཞི་རྩའི་སྨན་བཅོས་དང་བདེ་སྲུང་སྔོན་འགོག སྤྱི་གཞུང་འཕྲོད་བསྟེན་དང་ནད་པའི་འོས་འཚམ་གྱི་སྨན་བཅོས་སོགས་ཀྱི་ཞབས་ཞུ་སྤེལ། ད་ལྟའི་ཆར་ཁྱིམ་ཚང་གི་སྨན་པའི་སྒྲིག་སྲོལ་ཅན་གྱི་གན་རྒྱ་འཇོག་པའི་ཞབས་ཞུའི་ཚད་གཞི་དེ་བརྒྱ་ཆའི67.6ལ་སླེབས་པ་དང་། གཙོ་ཆེའི་མང་ཚོགས་ཀྱི་གན་རྒྱ་འཇོག་པའི་ཚད་གཞི་དེ86.7ལ་སླེབས་ནས་། མང་ཚོགས་ཀྱི་གཞི་རིམ་སྨན་བཅོས་ཀྱི་སྒྲིག་གཞིའི་ངོས་འཛིན་ཚད་གཞི་དེ་སྔར་ལས་ཇེ་མཐོར་སོང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།