མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། ཆུའུ་དང་རྫོང་བཅས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གི་ཞུ་གཏུག་ཁ་པར་ཁྱབ་བསྒྲགས་བྱས་པ།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། ཆུའུ་དང་རྫོང་བཅས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གི་ཞུ་གཏུག་ཁ་པར་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱ་ཆེའི་ཞོར་ལས་པ་ཚོར་འཕྲིན་ཡིག་བཏང་སྟེ། ཁྱོན་ཡོངས་ནས་ངལ་རྩོལ་པའི་ཐོབ་ཆའི་ཁེ་དབང་སྲུང་སྐྱོང་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། ཆུའུ་དང་རྫོང་བཅས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གི་ཞུ་གཏུག་ཁ་པར།

གྲོང་ཁྱེར་དང་ཁུལ་གྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གི་ཞུ་གཏུག་ཁ་པར།

ཟི་ལིང་གྲོང་ཁྱེར།(0971)5132032

མཚོ་ཤར་གྲོང་ཁྱེར།(0972)8613434

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།(0977)8224635

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།(0974)8521197

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།(0970)8646293

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།(0973)8724110

མགོ་ལོག་བོད་རིགས་རང་སྐྱོང་ཁུལ།(0975)8386367

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།(0976)8823006

ཆུའུ་དང་རྫོང་བཅས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གི་ཞུ་གཏུག་ཁ་པར།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ།(0971)8177511

ཟི་ལིང་གྲོང་ཁྱེར་མཁར་ནུ་ཁུལ།(0971)6112667

ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ།(0971)8252565

ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ།(0971)5123982

ཟི་ལིང་གྲོང་ཁྱེར་རྟ་ཐང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་།(0971)2722380

ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་།(0971)2431390

ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་།(0971)2237389

མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ།(0972)8616176

མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ།(0972)8635792

མཚོ་ཤར་གྲོང་ཁྱེར་གཞུང་ཐང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་།(0972)8535949

མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་།(0972)8381372

མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་མི་རིགས་རང་སྐྱོང་རྫོང་།(0972)8813830

མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་།(0972)8710965

མཚོ་ནུབ་ན་གོར་མོ་གྲོང་ཁྱེར།(0979)8412969

མཚོ་ཤར་གྲོང་ཁྱེར་གཏེར་ལེན་ཁ་གྲོང་ཁྱེར།(0977)8213697

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་།(0974)8520970

མཚོ་བྱང་ཁུལ་རྒྱ་མདོ་ཧ་རེགས་རང་སྐྱོང་རྫོང་། (0970)8613875

རྨ་ལྷོ་ཁུལ་་རྨ་ལྷོ་རྫོང་།(0973)8795110

མགོ་ལོག་ཁུལ་རྨ་ཆེན་རྫོང་།(0975)8382267

ཡུལ་ཤུལ་ཤུལ་ཡུལ་ཤུལ་གྲོང་ཁྱེར།(0976)8816628

མཉམ་འཇོག་བྱེད་དགོས་སའི་དོན་ཚན།

ཞུ་གཏུག་བྱ་སྐབས་ཁྲིམས་བཅད་ཞིབ་གཅོད་ཀྱི་དུས་བཀག་ལས་ལས་བརྒལ་མི་རུང་།

གལ་ཏེ་ངལ་རྩོལ་འགན་དབང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ། ལས་མི་སྤྱོད་སའི་ས་ཁུལ་གྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་ལ་གཏུགས་བཤེར་བྱས་ཆོག གླ་ཕོགས་ཆད་འགྱངས་བྱས་པའི་གནས་ཚུལ་བྱུང་ཚེ། དེ་མ་ཐག་ལས་ཡུལ་ལས་གཞི་པུའུ་ལ་གནས་ཚུལ་བཤད་ན་ལས་གཞི་པུའུ་ཡིས་ཐག་གཅོད་བྱེད་པ་རེད། 

གལ་ཏེ་ལས་གཞི་པུའུ་ཡིས་ཐག་གཅོད་མ་ཐུབ་ཚེ།དེ་མ་ཐག་ས་ཁུལ་དེ་ཡི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་ལ་གཏུགས་བཤེར་བྱས་ཆོག ལས་ཀའི་འགོ་བའི་ངག་ཐོག་ཁས་ལེན་དང་གླ་ཕོགས་ཆད་འགྱངས་བྱས་པའི་ཆད་ཡིག་རང་བཞིན་ལ་གང་འདོད་དུ་ཡིད་ཆེས་བྱ་མི་རུང་། ལྷག་པར་དུ་ལས་གཞི་ལས་ཀ་མཇུག་བསྡུས་ཏེ་སོང་རྗེས་ད་གཟོད་ཞུ་གཏུགས་བྱེད་མི་རུང་། དུས་ཡུན་ཇི་ལྟར་འགྱངས་ན་ཁྱོད་ཀྱི་གླ་ཕོགས་ལོན་རྒྱུའི་ཉེན་ཁ་དེ་ལྟར་ཆེ། ཞོར་དུ་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་གོ་སྐབས་ཀྱང་ཤོར་འགྲོ་བ་རེད།

འབྲེལ་ཡོད་ཀྱི་རྒྱུ་ཆ་གསོག་ཉར་ཡག་པོ་བྱ་དགོས། 

རང་ཉིད་སྡོད་སའི་ལས་གཞིའི་མིང་དང་། ཨར་ལས་བྱེད་པའི་ཁེ་ལས་ཀྱི་མིང་། ལས་གཞི་ལ་འགན་ཁུར་མཁན་གྱི་མིང་དང་འབྲེལ་གཏུགས་ཁ་པར་སོགས་གསལ་པོ་ཤེས་དགོས། རབ་ཡིན་ན་ངལ་རྩོལ་གན་རྒྱ་དང་ངལ་ལས་གན་རྒྱ། ལས་ཞུགས་འཛིན་ཡིག བསྡོམས་རྩིས་འཛིན་ཡིག གླ་ཕོགས་ཆད་ཡིག འགྲོ་འོང་འཛིན་ཡིག ལས་ཞུགས་ཞིབ་བཤེར་རེའུ་མིག་སོགས་མཁོ་འདོན་བྱེད་དུ་བཞག་སྟེ། རྗེས་ཕྱོགས་གླ་ཕོགས་ལེན་པར་བདེན་དཔང་ཡོད་པ་བཟོ་དགོས། 

ཁེ་དབང་སྲུང་སྐྱོབ་ཀྱི་ཐབས་ལམ་དང་བྱེད་ཐབས་ཤེས་དགོས་པ། 

སྤྱིར་བཏང་གི་གླ་ཕོགས་ཆད་འགྱངས་བྱས་པའི་གྱོད་དོན་བསྒྲུབ་སྐབས་གླ་ཕོགས་ཆད་འགྱངས་བྱས་པའི་འབྲེལ་ཡོད་ཀྱི་བདེན་དཔང་རྒྱུ་ཆ་ཁྱེར་ཏེ། ས་གནས་དེ་ཡི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་ལ་གཏུགས་བཤེར་བྱས་ཆོག  དེ་མིན་སྔོན་མ་ནང་བཞིན་ལོ་སར་གྱི་རྗེས་ནས་སོང་སྟེ་གཏུག་བཤེར་བྱེད་པ་སོགས་བྱེད་མི་རུང་།  དེ་ལྟར་བྱས་ན་མི་ཤུགས་དང་དུས་ཚོད་ཀྱི་ཚོད་འཛིན་ཐེབས་པའི་རྐྱེན་གྱིས་དུས་ཐོག་ཏུ་ཞོར་ལས་པའི་གླ་ཕོགས་ཁེ་དབང་སྲུང་སྐྱོང་བྱ་མི་ཐུབ་པ་རེད།

ཁྲིམས་ལྟ་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། 

ཁང་བརྩེགས་རྩེ་ལ་འགོ་བ། སྒོ་དང་ལམ་བཀག་པ། སྲིད་གཞུང་གི་སྒོ་བཀག་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཀྱིས་གླ་ཕོགས་འདེད་མི་རུང་བ་མ་ཟད། གླ་ཕོགས་ལེན་རྒྱུར་ཁ་གཡར་ནས་ཨར་ལས་ཁེ་ལས་ལ་རོགས་རམ་བྱེད་པའམ་ལས་ཀའི་འགོ་བར་ལས་གྲྭའི་དངུལ་སློང་མི་རུང་། 

ཁྲིམས་འགལ་གྱི་ལམ་ནས་ཟླ་ཕོགས་འདེད་པའམ་ཆད་འགྱངས་བྱས་པའི་གླ་ཕོགས་ལ་ཁ་གཡར་ནས་ལས་གྲྭའི་དངུལ་སློང་བ་དག་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་ཚད་གཞིར་སླེབས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྐྱོང་གི་ཉེས་ཆད་གཅད་རྒྱུ་དང་། དོགས་ཡོད་ཉེས་ཅན་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཉེས་འགན་བདའ་འདེད་བྱ་རྒྱུར་བསྐྱལ་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།