ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་གསར་སྤེལ་གནང་བའི་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས(ཨ་མདོ་ཡུལ་སྐད་པར་གཞི)ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུའི་སྟེང་གཅིག་བསྡུས་འགྲེམ་སྟོན་བྱེད་པའི་ཡིག་སྒྱུར་མཉེན་ཆས་བསྡོམས་པས་རིགས12ཡོད་ལ། དེའི་ཁྲོད་བོད་ཡིག་དང་རྒྱ་ཡིག རྒྱ་ཡིག་དང་བོད་ཡིག་གི་རིག་ནུས་ཡིག་སྒྱུར་མཉེན་ཆས( དྲ་རྒྱའི་པར་གཞི)དང་། བོད་རྒྱ་སྐད་ཀྱི་ཁ་བརྡའི་མཉེན་ཆས( ཨན་ཀྲོའུ་པར་གཞི།  ཀུ་ཤུ་པར་གཞི། PCཔར་གཞི། )།བོད་སྐད་དང་རྒྱ་སྐད་ཡི་གེ་ལ་བསྒྱུར་བྱེད་མཉེན་ཆས( ཨན་ཀྲོའུ་པར་གཞི། ཀུ་ཤུ་པར་གཞི། PCཔར་གཞི།) སུའུ་ཀོའུ་བཤེར་ཆས་བོད་རྒྱ་ཡིག་སྒྱུར་མཉེན་ཆས་དང་བོད་སྐད་ཡི་གེར་ནང་འཇུག་བྱེད་ཐབས(ཨན་ཀྲོའུ་པར་གཞི།  ཀུ་ཤུ་པར་གཞི། PCཔར་གཞི།)  Windowsབོད་སྐད་ཡི་གེར་ནང་འཇུག་བྱེད་ཐབས(PCཔར་གཞི། )  བོད་རྒྱ་སྐད་ཀྱི་རིག་ནུས་ལོ་ཙཱའི་མཉེན་ཆས(ཨན་ཀྲོའུ་པར་གཞི།  ཀུ་ཤུ་པར་གཞི། PCཔར་གཞི།)བོད་ཡིག་དྲ་རྒྱའི་དྲ་ཐོག་ཞུ་དག་མཉེན་ཆས་དང་བོད་ཡིག་གློག་རྡུལ་ཚིག་མཛོད། དཔེ་དེབ་སྟེང་གི་བོད་ཡིག་དབྱེ་འབྱེད(OCR)མཉེན་ཆས། རིག་ནུས་ཀྱི་ཁྲིམས་རའི་འདྲི་གཅོད་སྐད་གདངས་མ་ལག་དང་བོད་རྒྱ་སྐད་ཡིག་འདྲ་པར་ལས་ནས་ཡིག་སྒྱུར་བྱེད་པའི་མ་ལག་བཅས་འདུ་པ་རེད།

ཡིག་སྒྱུར་མཉེན་ཆས12ཡོད་པ་འདི་དག་གིས་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་རང་འགུལ་ཅན་དང་དྲ་རྒྱའི་ལམ་ནས་ཡིག་རིགས་ཕན་ཚུན་བསྒྱུར་བ། དུས་ཐོག་སྐད་ཆའི་ལམ་གྱི་ཡིག་སྒྱུར།  འཚོལ་བཤེར་ཞིབ་བསྡུར།  གནའ་དཔེ་ལེགས་སྒྲིག་སོགས་ཀྱི་བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་ནུས་པ་ཆེན་པོ་ཐོན་ངེས་རེད། ལྷག་པར་དུ་ཐེངས་འདིར“བོད་རྒྱ་སྐད་གཉིས་རིག་ནུས་ཡིག་སྒྱུར་མཉེན་ཆས” བཏོན་པ་དེས་སྐད་ཆའི་ལམ་ནས་དུས་ཐོག་གླེང་མོལ་དང་།  བཤད་ཞོར་སྒྱུར་ཞོར། སྟབས་བདེ་ནང་འཇུག་དང་གནད་འཁེལ་ཚད་མཐོ་བཅས་མངོན་འགྱུར་བྱུང་པ་རེད།  མཉེན་ཆས་འདིའི་ཡིག་རིགས་གཞན་དག་གི་པར་གཞི་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མི་རིགས་ས་ཁུལ་གྱི“བློ་རིག་ལྡན་པའི་ཞིབ་དཔྱོད་ལས་དོན”གྱི་ལས་གྲྭར་སྤྱོད་བཞིན་ཡོད་ལ། དབུལ་སྐྱོར་རོགས་རམ་དང་གཞི་རིམ་ལས་བྱེད་པས་གྲོང་ཚོར་བཅའ་སྡོད་བྱས་ནས་བྱ་བ་བསྒྲུབ་པ་དང་རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱེད་པའི་ལས་ཁུངས་ཤིག་ཡིན་ལ། བགྲང་བྱ་དུ་མའི་རིང་ལ་མི་རིགས་སྐད་ཡིག་ཡིག་སྒྱུར་ཞིབ་འཇུག་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་ལས་སུ་གཞོལ་ཏེ།  མིག་སྔར་སོག་པོ་དང་།  བོད།   ཡུ་གུར།  ཧ་སག  ཁྲའོ་ཞན།  དབྱིས་རིགས།  ཀྲོང་རིགས་བཅས་མི་རིགས7གྱི་སྐད་ཡིག་གི་འཕྲུལ་ཆས་ཡིག་སྒྱུར་མཉེན་ཆས40ལ་ཉེ་བ་ཙམ་སྔ་རྗེས་སུ་རིམ་བཞིན་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་དང་ཁྱབ་སྤེལ་བེད་སྤྱོད་བྱས་པས། ཐོན་ཁུངས་དང་ལག་རྩལ།  གྲུབ་འབྲས་བཅས་ཆ་སྙོམས་སྒོས་ལས་རིགས་ཁྱབ་ཁོངས་དེའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད།  

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་མཁས་པ་ཡིས་བསྟན་དོན།  བོད་ཡིག(ཨ་མདོ་ཡུལ་སྐད)རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་བྱས་པ་དེ།  མཚོ་སྔོན་དང་ཡང་ན་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་གྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་ཞིང་ཤུགས་རྐྱེན་ཡུན་རིང་ཐེབས་པའི་དོན་ཆེན་ཞིག་རེད།  ལག་རྩལ་འདིས་བོད་རྒྱ་མི་རིགས་བར་གྱི་བསམ་བློ་བརྗེ་རེས་དང་འགྲོ་འོང་ལ་སྔར་བས་སྟབས་བདེ་བཟོས་ཡོད་པར་མ་ཟད།  བོད་ཡིག་བཀོལ་སྤྱོད་དང་སྲུང་སྐྱོབ་བྱེད་པ། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ། བོད་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད་རིག་གནས་འཛུགས་སྐྲུན་བྱེད་པ།  མི་རིགས་སློབ་གསོ་དང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་།  དབུལ་ཐར་འགག་སྒྲོལ་སོགས་ཚང་མར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད་ཟེར།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆི་ཡིས་བསྟན་དོན། མི་རིགས་སྐད་ཡིག་ཡིག་སྒྱུར་ཆ་འཕྲིན་ཅན་དུ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ།   གྲངས་ཉུང་མི་རིགས་ལ་སྔར་ལས་སྤུས་ཚད་མཐོ་ལ་སྔར་ལས་ལས་ཆོད་ཆེ་བ། སྔར་ལས་སྟབས་བདེ་ཡིན་པ་བཅས་ཀྱི་ཡིག་སྒྱུར་ཞབས་ཞུ་འདོན་སྤྲོད་བྱས་ཏེ།  ཆ་འཕྲིན་འཇིག་རྟེན་གྱིས་མི་དམངས་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་འཚོལ་སྙེགས་བྱེད་པར་བར་ཆད་མི་འབྱུང་པར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདོད་རེད།  ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་འདོན་སྤེལ་བྱས་པའི་མཉེན་ཆས་ཡོད་ཚད་རིན་མེད་མཉམ་སྤྱོད་བྱེད་དུ་བཅུག་ནས།   རྒྱ་ཆེའི་གྲངས་ཉུང་མི་རིགས་ལ་བེད་སྤྱོད་ཐུབ་པ་དང་བེད་སྤྱོད་ཡག་པོ་བྱེད་དུ་འཇུག་དགོས་ལ།  མི་རིགས་སྐད་ཡིག་ཡིག་སྒྱུར་ཞབས་ཞུ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལས་བྱུང་བའི་སྟབས་བདེ་ལོངས་སུ་སྤྱོད་དུ་བཅུག་ནས་སྔ་མོ་ནས་དུས་མཉམ་དུ་འབྱོར་འབྲིང་ལ་སླེབས་པར་བྱ་དགོས་ཟེར།  

རྒྱལ་ཁབ་མི་རིགས་ཆོག་ལུགས་ལས་དོན་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་གིས་བསྟན་དོན།  ཡིག་སྒྱུར་ཅུས་བོད་སྐད་རིག་ནུས་ཡིག་སྒྱུར་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱས་པ་དེས་བོད་རྒྱ་སྐད་ཀྱི་ཡིག་སྒྱུར་གྱི་སྟོང་ཆ་སྐོང་ཐུབ་པར་བྱས་ལ། མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བ་གཉེར་མཁན་ཚོས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་བཅིངས་པའི་ལྷག་བསམ་དང་ཕན་འབྲས་དངོས་ཐོན་གྱི་དུས་རབས་ཀྱི་འགན་འཁྲིའི་འདུ་ཤེས་མངོན་ཐུབ་པ་བྱུང་ཡོད་ཟེར།

མཉེན་ཆས་མཚམས་སྦྱོར་བྱེད་བཞིན་པ།

གྲོས་ཚོགས་ལ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཞུས་ལེན་གྱིས་མགོ་འཛིན་མཛད་ལ།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིང་ཁྲུན་དང་།  རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་།   ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆི།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དེ་སྔའི་སློབ་གཙོ་གཞོན་པ་ཆི་མུའུ་ཐེ་ཞི།  མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁས་པ།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཀྲུང་།   མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཆོས་སྐྱོང་སྲུང་མ།  མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེ་ཞིན་བཅས་གྲོས་ཚོགས་ལ་ཞུགས་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།