མདོ་ལ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་སྒྲིག་སྲོལ་ཅན་ལ་ཏན་ཏིག་གིས་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་མདོ་ལ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཏང་རྩ་འཛུགས་ཀྱི་བྱ་བའི་བསྡུས་གཟུགས་དྲུག་གི་སྒྲིག་སྲོལ་ལག་བསྟར་བྱས་ཤིང་། རྫོང་ཡོངས་ཀྱི་གཞི་རིམ་ཏང་ཀྲི་པུའུ་ལ་ཚད་གཞི་ཡོད་པ་དང་ཁ་ཕྱོགས་ཡོད་པ། གཞི་འཛིན་ས་ཡོད་པ་བཅས་ཀྱིས་གཞི་རིམ་ཏང་རྩ་འཛུགས་བྱ་བ་དེར་ཁྱོན་ཡོངས་ནས་སྲ་མཁྲེགས་ཅན་དང་ཁྱོན་ཡོངས་ནས་མདུན་སྐྱོད་ཅན། མཁྲེགས་བསྡུས་ཅན་བཅས་ལ་སྐུལ་འདེད་བྱས་ཤིང་སྣེ་ཁྲིད་ཀྱི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ཡོད།

དམག་དཔུང་ཡན་ལག་གསུམ་གྱི་འཇོན་ནུས་མཐོར་འདེགས་སུ་བཏང་ཞིང་། ཁྱོན་ཡོངས་ནས་ཟུང་འབྲེལ་བཟོ་སྐྲུན་ལག་བསྟར་བྱས། སྡེ་བ100ལྷག་གི་གཞིས་ཁུལ་སོ་སོའི་ཨུ་ལྷན་གཉིས་ཀྱི་འགན་ཁུར་མི་སྣ་གཉིས་དང་སྡེ་བ་རིམ་པའི་ལས་བྱེད་མི་སྣ100ལྷག་ཞིང་ཆེན་ནང་ཁུལ་གྱི་འཕེལ་རྒྱས་ཆེ་བའི་ས་ཁུལ་དུ་ཉམས་མྱོང་བསྡུ་ལེན་བྱེད་དུ་སོང་བ་རེད། དབུལ་ཕོངས་སྡེ་བ18ལ་ཧྲུའུ་ཅི་དང་པོ་མངགས་པའི་རྨང་གཞིའི་སྟེང་ཕུལ་བྱུང་ལས་བྱེད་མི་སྣ27དབུལ་ཕོངས་སྡེ་བ་མ་ཡིན་པའི་སྡེ་བ་རུ་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་མངགས་ནས་ཧྲུའུ་ཅི་དང་པོ་སྡེ་བ་རུ་སྡོད་པ་མངོན་འགྱུར་བྱེད་དུ་བཅུག  དེ་ཡང་ཡུལ་དངོས་ལ་བརྟག་དཔྱད་དང་འདྲི་རྟོག་བྱེད་པ། བཅའ་འདྲི་བཅས་ཀྱི་བྱེད་ཐབས་བརྒྱུད་སྡེ་བ་དང་གཞིས་ཁུལ་གསར་པ347གྱི་ཨུ་ལྷན་གཉིས་ལ་ཡོངས་ཁྱབ་རང་བཞིན་དང་སྣ་མང་རང་བཞིན་གྱི་གནད་འཁེལ་ཞིབ་བཤེར་ཚད་ལེན་བྱས་ཏེ། སྡེ་བའི་ལས་བྱེད་མི་སྣའི་འགན་ཁུར་ཅི་ནུས་བསྒྲུབས། དེ་མིན་སྡེ་བའི་ལས་བྱེད་པ་དག་ལ“དགོས་མཁོ་བཅུ”དང“མི་དགོས་པ་བཅུ”ཡི་ཚད་གཞི་ལྟར། སྡེ་བ་དག་གི་ལས་བྱེད་རྣམས་ལ་ཏང་ཨུའི་རྩ་འཛུགས་ཀྱི་དག་ཐེར་བྱ་བ་མི་འདྲ་བ་གསུམ་བསྒྲུབས་ནས། རོང་འབྲོག་ས་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་གཞི་རིམ་ལ་བཅོས་སྐྱོང་བྱེད་པ་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་མི་འདང་བའི་ཆ་ལ་སྣེ་ཁྲིད་བྱས་པ་རེད།

དེ་མིན་ཚོགས་ཆེན་གསུམ་དང་སློབ་ཁྲིད་གཅིག ཀྲི་པུའུ་ཡི་གཅིག་གྱུར་གྱི་ཏང་བཙུགས་ཉིན་མོའི་བྱ་འགུལ་དེ་ཞིང་ནང་གི་རྣང་མའི་བར་དང་སྲང་ལམ་གྱི་བར་གསེང་ཡོད་ཚད། ཞིང་ཁྱིམ་སོ་སོ། རྩྭ་ཐང་གི་སྦྲ་གུར། ཉིན་རེའི་བྱ་འགུལ་སོགས་ཀྱིས་མང་ཚོགས་ལ་མཉམ་འདུས་སྒོས་དཀའ་གནད་ཅིག་སེལ་བ། དོན་དངོས་གང་རུང་ཞིག་བསྒྲུབས་པ། གནད་དོན་འབུར་དུ་ཐོན་པ་ཞིག་ཐག་གཅོད་བྱེད་པ་བཅས་དང་།། ཏང་ཡོན་རྩ་འཛུགས་ཀྱིས་སྔོན་ཐོན་ཚད་གཞི་ཡི་ཚད་ལེན་དོ་དམ་སྒྲིག་སྲོལ་ལྟར“ཚད་ལྡན་བཞི”དང་ཚད་གཞི་རིགས་མི་འདྲ་བ་ཡི་ཚད་ལེན་གྱིས་རྫོང་ཡོངས་ཀྱི་ཏང་ཡོན3109སྔོན་ཐོན་ཚད་གཞིར་དཔྱད་འཇོག་བྱས་ཏེ། ཏང་ཡོན་རེ་རེ་ལ་གནད་འཁེལ་བརྙན་རིས་བཀོད་པ་དང་། ཏང་ཡོན་ཡོངས་ཀྱིས་བློ་གཅིག་སེམས་གཅིག་སྒོས་རང་ནུས་མཐོར་འདེགས་སུ་བཏང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།