རང་ཞིང་གིས་སྐབས་གསུམ་པའི་ཞིང་ལས་འཕྲུལ་ཆས་ཀྱི་འཇོན་ནུས་འགྲན་སྡུར་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ཆར་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཁག་མི་འདྲ་བ་བརྒྱད་ཀྱིས་མཉམ་འབྲེལ་སྒོས་པར་སྐྲུན་འགྲེམས་སྤེལ་བྱས་པའི《2018ལོའི་ཀྲུང་གོའི་འཇོན་ནུས་འགྲན་སྡུར་ཆེན་མོ་དང་འབྲེལ་བའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་ལས་བཟོ་པའི་ལས་འགན་འཇོན་ནུས་འགྲན་སྡུར་གྱི་བརྡ་སྦྱོར》ལག་བསྟར་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་ཞིང་ལས་འཕྲུལ་ཆས་ཀྱི་ཆེད་ལས་འཇོན་ནུས་ལག་རྩལ་དང་ཞིང་ལས་འཕྲུལ་ཆས་ཀྱི་ལས་བྱེད་མི་སྣའི་དོན་དངོས་འཇོན་ནུས་མཐོར་འདེགས་སུ་བཏང་། ཧུར་བརྩོན་སྒོས་སྤུས་ཚད་མཐོ་བའི་ལག་རྩལ་མི་སྣའི་རུ་དཔུང་ལ་གསབ་སྦྱོང་བྱས་ཏེ། གང་མགྱོགས་སྒོས་ཞིང་ཆེན་ཡོངས་ཀྱི་ལོ་ཏོག་འདེབས་འཛུགས་ཐོན་སྐྱེད་བརྒྱུད་རིམ་གྱི་འཕྲུལ་ཆས་ཅན་ལ་སྐུལ་འདེད་བྱས་ཤིང་། རིག་ནུས་རྒྱབ་སྐྱོར་དང་ལག་རྩལ་རོགས་འདེགས་མཁོ་སྤྲོད་ཀྱིས་ཞིང་ཆེན་ཞིང་ཕྱུགས་བཟོ་ཚོགས་དང་ཞིང་ཆེན་ཞིང་ཕྱུགས་འཕྲུལ་ཆས་དོ་དམ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཞིང་ཕྱུགས་འཕྲུལ་ཆས་དར་སྤེལ་ས་ཚིགས། གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་ལས་འཕྲུལ་ཆས་དར་སྤེལ་དོ་དམ་ས་ཚིགས་ཀྱིས་སྒྲུབ་འགན་ཁུར་བའི་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་ཞིང་ལས་འཕྲུལ་ཆས་འཇོན་ནུས་འགྲན་སྡུར་དེ་ཙོང་ཁ་རྫོང་གི་སྟོད་པ་གྲོང་བརྡལ་དུ་སྤེལ་པ་རེད།

ཐེངས་འདིའི་འགྲན་སྡུར་ནི་དུས་ཡུན་ཉིན་གཉིས་ཡིན་ཞིང་། དེའི་དགོངས་དོན་གྱིས་འཇོན་ནུས་འགྲན་སྡུར་དང་ཧྲག་དམག་སྦྱོང་བརྡར་བྱས་ཏེ། དམག་དཔུང་སྦྱོང་བརྡར་དེ་རྨང་གཞི་སྲ་བརྟན་ཅན་དང་སྤུས་ཚད་མཐོར་འདེགས་ཀྱི་དམིགས་འབེན་དུ་སླེབས་པར་བྱས། འདས་ཟིན་པའི་ལོ་ངོ་གཉིས་ཀྱི་ནང་རང་ཞིང་གིས་སྔ་གཞུག་ཏུ་བདེ་བླག་ངང་ཞིང་ལས་འཕྲུལ་ཆས་སྐབས་གཉིས་ཀྱི་འགྲན་སྡུར་སྤེལ་བ་བརྒྱུད་ལག་རྩལ་ཐད་ཀྱི་བདམས་རྩེ་ལེན་མཁན་དང་ལག་རྩལ་ཕུལ་བྱུང་བ། མཐོ་སྒང་གི་ཞིང་ལས་འཕྲུལ་ཆས་ཕུལ་བྱུང་སོགས་ཀྱི་འཇོན་ནུས་སྤེལ་བ་བརྒྱུད་ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་རྒྱ་ཁྱབ་ཏུ་བཏང་སྟེ། ལག་རྩལ་རྐང་འཛིན་པ་དང་གཙོ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས། ཞིང་བ་དག་ལ་ཁེ་ཕན་བསྐྲུན་པ་བཅས་ཀྱིས་ཞིང་ལས་འཕྲུལ་ཆས་ཐོན་སྐྱེད་བྱེད་པའི་ཁྲོད་ཀྱི་དཀའ་ཁག་འདྲ་མིན་མང་པོར་འགྲེལ་བརྗོད་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཀྱི་འགྲན་སྡུར་འཇོན་ནུས་ལ་དངོས་ཡོད་ཕན་འབྲས་མངོན་འགྱུར་བྱེད་དུ་བཅུག འཇོན་ནུས་འགྲན་སྡུར་གྱིས་ཞིང་ལས་འཕྲུལ་ཆས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་། ཞིང་ལས་འཕྲུལ་ཆས་ཀྱི་ལས་བྱེད་མི་སྣའི་དོན་དངོས་འཇོན་ནུས་སྦྱོང་བརྡར་བརྒྱུད་ཤེས་བྱའི་རང་བཞིན་དང་ལག་རྩལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་སོགས་ཀྱི་ཤེས་ལྡན་མི་སྣའི་རུ་དཔུང་གསར་འཛུགས་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཞིང་ལས་དར་རྒྱས་ཀྱི་རྒྱུ་སྤུས་དང་ལྷད་མེད་ཞིང་ལས་དར་རྒྱས། ཚན་རྩལ་གྱི་ཞིང་ལས་དར་རྒྱས་སོགས་ཀྱི་ཐད་ལ་གསོན་ཤུགས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་ནས་ཞིང་ལས་འཕྲུལ་ཆས་བེད་སྤྱོད་བྱེད་པའི་ཤེས་ལྡན་མི་སྣའི་རུ་དཔུང་གསར་འཛུགས་བྱ་བའི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།