གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་སྐོར་ཞིབ་རི་བགྲོད་རླངས་འཁོར20ཞལ་འདེབས་སུ་བྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གཙང་གསུམ་འབྱུང་ཡུལ་གྱི་སྐོར་ཞིབ་སྲུང་སྐྱོབ་བྱ་བ་སྔར་ལས་བཟང་པོ་ཞིག་བསྒྲུབ་ཆེད་དང་གཙང་གསུམ་འབྱུང་ཡུལ་གྱི་ལས་བྱེད་མི་སྣའི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད།  ཟླ7པའི་ཚེས4ཉིན།    ཀོང་ཀྲོའུ་ཁྲོན་ཆིས་རླངས་འཁོར་སྡེ་ཚོགས་ཀྱིས་ཁྲོན་ཆིས་རྟགས་ཅན་གྱི་སྐོར་ཞིབ་རི་བགྲོད་རླངས་འཁོར20གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་ཞལ་འདེབས་སུ་བྱིན་ཏེ།  གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་ངོ་སྤྲོད་ལྟར་ན།    ཐེངས་འདིའི་ཞལ་འདེབས་བྱ་འགུལ་ནི“ལྔ་བཞིའི་འཐབ་ཇུས”ཀྱི་ཞིབ་ཕྲའི་ལས་འགུལ་ལག་བསྟར་བྱས་ཏེ། “གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ”དོན་འཁྱོལ་བྱེད་པའི་བྱ་འགུལ་ཞིག་ཡིན།    གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ལུགས་མཐུན་བཀོལ་སྤྱོད་དང་གཅེས་འཛིན་བཀོལ་སྤྱོད་བྱས་ནས།   ཞལ་འདེབས་སུ་བྱིན་པའི་རླངས་འཁོར་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱ་རྒྱུ།  ཀོང་ཀྲོའུ་ཁྲོན་ཆིས་རླངས་འཁོར་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་སྟོབས་ཤུགས་འདོན་མཁན་གྱི་ཁེ་ལས་དང་རྩ་འཛུགས་ལ། ལག་གདང་སྦྲེལ་ནས་མཉམ་སྐྲུན་དང་ཤུགས་འདོན་མཉམ་འབྲེལ་བྱ་རྒྱུ།   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།   འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོབ་དོ་དམ་བྱ་བ་སྟེགས་བུ་གསར་པ་ཞིག་ཏུ་བསླེབ་རྒྱར་སྐུལ་འདེད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཛེས་པའི་ཀྲུང་གོ་འཛམ་གླིང་ལ་བསྐྱོད་པའི་རྟགས་མཚན་ཞིག་ཏུ་འགྱུར་པར་ཧུར་བརྩོན་བྱ་རྒྱུ་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་བཀྲ་ཤིས་ཀྱིས་ལས་ཁུངས་དང་གླིང་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཚབས་བྱས་ཏེ།  ཀོང་ཀྲོའུ་ཁྲོན་ཆིས་རླངས་འཁོར་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།   ཁོས་བཤད་རྒྱུར།  ཀོང་ཀྲོའུ་ཁྲོན་ཆིས་རླངས་འཁོར་སྡེ་ཚོགས་ཀྱིས་དུས་རིམ་དང་པོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ལ་སྐོར་ཞིབ་རི་བགྲོད་རླངས་འཁོར5ཞལ་འདེབས་སུ་ཕུལ་ཟིན་པས།  གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བླ་ན་མེད་པ་བྱས་ཡོད་ཟེར།  

ཀོང་ཀྲོའུ་རླངས་འཁོར་སྡེ་ཚོགས་ཀྱི་འགན་ཁུར་མི་སྣས་བཤད་རྒྱུར།  མཚོ་སྔོན་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བདེ་འཇགས་ཀྱི་འགོག་ཡོལ་གལ་ཆེན་ཞིག་ཡིན་པས།  རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཞིག་ཟིན་ཡོད།    ངེད་སྡེ་ཚོགས་ཀྱིས་མུ་མཐུད་དུ་ཧུར་བསྐྱེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཐབ་ཇུས་དང་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།