རང་ཞིང་གིས་པར་རིས་ཀྱི་གཞི་གྲངས4053གྱི་བསྡུ་རུབ་བྱ་བ་ལེགས་འགྲུབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉིན་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་རྨང་གཞིའི་ས་རྒྱུས་བརྡ་འཕྲིན་ལྟེ་གནས་ཀྱིས་ལོ་གཅིག་གི་སྐབས་ཐོག་མའི་ཐོན་ཁུངས་དཀར་ཆག་ཞབས་ཞུའི་མ་ལག་གི་གཞི་གྲངས་བསྡུ་རུབ་བྱ་བ་དེ་ཡོངས་འགྲུབ་བྱས་ཤིང་། ཁྱོན་བསྡོམས་རིགས་ཆེན་པོ3གྱི་རི་མོ་དང་པར་རིས4.53གྱི་གཞི་གྲངས་བསྡུ་རུབ་བྱ་བ་ཡོངས་འགྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་ཐོན་ཁུངས་དཀར་ཆག་དྲ་ཚིགས་ལ་ཡང་སྤྲད་པ་རེད།

རྒྱུས་ལོན་ལྟར་ན། 2009ལོ་ནས་བཟུང་རྒྱལ་ཁབ་ས་ཁམས་ཚད་ལེན་བརྡ་འཕྲིན་རྩ་འཛུགས་ཀྱིས“ཚད་ལེན་གྲུབ་འབྲས་དྲ་སྟེང་ནས་ཕྱིར་འདོན་བྱེད་པའི་ཞབས་ཞུའི་མ་ལག”ཞེས་པ་རྩ་འཛུགས་དང་གསར་འཛུགས་བྱས་པ་རེད། དེའི་ཁོངས་སུ་རྒྱལ་ཁབ་རིམ་པ་དང་མཚོ་སྔོན་སོགས་ཞིང་ཆེན་མི་འདྲ་པ31གི་ས་ཁམས་ཚད་ལེན་བརྡ་འཕྲིན་སྲིད་འཛིན་བདག་དོམ་སྡེ་ཁག་གི་འགན་ཁུར་མཁོ་སྤྲོད་ཞབས་ཞུའི་ཚད་ལེན་གྲུབ་འབྲས་ཀྱི་དཀར་ཆག་འདུས་ཡོད། ཐོན་ཁུངས་དཀར་ཆག་དེ་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་ཡོད། དེ་ཡང2016ལོའི་ཐོན་ཁུངས་དཀར་ཆག་ཞབས་ཞུའི་མ་ལག་གི་གཞི་གྲངས་བསྡུ་རུབ་བྱ་བ་སྤེལ་བ་བརྒྱུདམཚོ་སྔོན་ཞིང་ཆེན་ནི་ཞིང་ཆེན31གི་ཁྲོད་ཀྱི་ཐོན་ཁུངས་དཀར་ཆག་ཞབས་ཞུའི་མ་ལག་བསྡུ་ལེན་བྱེད་པའི་ཡ་གྱལ་དུ་གྱུར་ཡོད། ཞིང་ཆེན་རྨང་གཞིའི་ས་ཁམས་བརྡ་འཕྲིན་ལྟེ་གནས་ཀྱིས་རྒྱལ་ཁབ་རིམ་པར་རམ་འདེགས་བྱས་ནས། སྔ་གཞུག་ཏུ་ཐོན་ཁུངས་དཀར་ཆག་དེར་བསྡུ་རུབ་དང་ལས་སྣོན་ཐེངས་གསུམ་ལ་བྱས་ཤིང་། ད་ལྟ་ལོ་རེར་ཉམས་གསོ་བྱེད་པའི་དུས་རིམ་དུ་སླེབས་ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐོན་ཁུངས་དཀར་ཆག་ཞབས་ཞུའི་མ་ལག་གཞི་གྲངས་བསྡུ་རུབ་བྱ་བ་དེས་ཕྱི་རོལ་དུ་ཚད་ལེན་ཚོད་འཛིན་གནད་ཆེན་མཁོ་སྤྲོད་དང་། ཡོངས་ཁྱབ་ས་ཁྲའི་གཞི་གྲངས། གྲངས་ཀའི་མཐོ་བསྒྱུར་རྣམ་གཞག་གཞི་གྲངས། ཨང་ཀིའི་རེའུ་མིག་ས་ཁྲའི་གཞི་གྲངས། བརྙན་པར་གཞི་གྲངས། ས་དབྱིབས་རྣམ་པའི་འདྲ་པར་གཞི་གྲངས་སོགས་གྲུབ་འབྲས་ཀྱི་རིགས་དེ་དག་སྲོག་ཤིང་དུ་བཟུང་ཡོད་ལ། ལས་སྣོན་བསྡུ་རུབ་བྱས་པ་བརྒྱུད་ས་ཁམས་བརྡ་འཕྲིན་དཀར་ཆག་གི་ཞབས་ཞུའི་མ་ལག་དེ་སྤྲིན་ཚོམ་གཞི་གྲངས་སྒྲིག་སྲོལ་ཅན་གྱི་གཏན་ཁེལ་ལྟར་སྤྲིན་ཚོམ་གཞི་གྲངས་ཀྱི་ཡིག་ཆ་རུ་བཏབ་ནས། ཡི་གེ་རིམ་པའི་ཤན་སྦྱར་རེའུ་མིག་དང་བསྡུས་གཟུགས་འདྲ་པར། གྲུབ་ཆའི་ཆ་སོགས་ས་ཁམས་བརྡ་འཕྲིན་ཐོན་ཁུངས་ཀྱི་དཀར་ཆག་ཞབས་ཞུའི་མ་ལག་ཁྲོད་བེད་སྤྱོད་བྱེད་པ་ཚད་ལྡན་ཅན་དུ་བཟོས་ནས། སྤྱི་ཚོགས་ལ་ས་ཚིགས་རྣམ་པའི་ས་ཁམས་བརྡ་འཕྲིན་དཀར་ཆག་གི་ཞབས་ཞུ་ཞིག་མཁོ་སྤྲོད་བྱས་ཡོད། སྤྱི་ཚོགས་སྟེང་གི་མང་ཚོགས་ལ་སྟབས་བདེ་དང་ཁེ་ལས་དག་ལ་དུས་ལྟར་རྨང་གཞིའི་གཞི་གྲངས་ཀྱི་གནས་ཚུལ་གསར་པར་རྒྱུས་ལོན་བྱེད་དུ་བཅུག་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།