མཚོ་ནུབ་ཁུལ་རྒྱལ་ཁབ་ཁྲལ་དོན་ཁྲལ་བསྡུ་ཡིས་ཁྲལ་བསྡུའི་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས7ཉིན། མཚོ་ནུབ་ཁུལ་རྒྱལ་ཁབ་ཁྲལ་དོན་ཁྲལ་བསྡུ་ཡིས་ཁྲལ་བསྡུའི་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པའི་གྲོས་ཚོགས་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས་པ་རེད།

གྲོས་ཚོགས་ཀྱིས་མཚོ་ནུབ་ཁུལ་གྱི་ཁྲལ་བསྡུའི་དོ་དམ་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པའི་བྱ་བར་བཀོད་སྒྲིག་བྱེད་པར་སྐུལ་འདེད་བྱས་ཤིང་། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་དང་ཁུལ་ནོར་སྲིད་ཅུའུ། ཁུལ་མི་ཤུགས་ཐོན་ཁུངས་ཅུའུ། ཐེམ་ཆེན་རྫོང་ས་ཁྲལ་ཅུའུ། མང་ཡཱ་སྲིད་འཛིན་ཨུ་ལྷན་རྒྱལ་ཁབ་ཁྲལ་དོན་ཅུའུ་སོགས་ལས་ཁུངས་དང་སྡེ་དག་སོ་སོས་བསམ་བློ་བརྗེ་རེས་བྱེད་པའི་གཏམ་བཤད་གནང་།

གྲོས་ཚོགས་སྟེང་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དོན་དངོས་དང་འབྲེལ་ནས་རྒྱལ་ཁབ་ཁྲལ་དོན་དང་ཁྲལ་བསྡུའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ལ་ངོས་འཛིན་གསལ་པོ་བྱེད་པའི་བླང་བྱ་བཏོན་ཡོད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་བསམ་བློ་གཅིག་གྱུར། རང་འགུལ་སྒོས་འགན་ཁུར་དང་ལེན་བྱེད་པ། ཧུར་ཐག་སྒོས་བྱ་བ་དེར་ཟབ་ཞུགས་དང་རམ་འདེགས་བྱེད་པ་བཅས་ཀྱིས། བཅོས་སྒྱུར་གྱི་འགན་ཁུར་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱས་ནས་བཅོས་སྒྱུར་ལ་སྟོབས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་པར་འགན་བཅོལ། ནུས་ཤུགས་གང་ཡོད་སྒོས་རྒྱལ་ཁབ་ཁྲལ་དོན་ཁྲལ་བསྡུའི་དོ་དམ་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར། འབྲེལ་ཡོད་སྡེ་ཁག་སོ་སོས་རང་གི་འགན་ཁུར་དང་དུ་བླངས་ནས་རང་རང་གི་འགན་འཁྲི་ལྟར་བྱ་བའི་ལས་བགོ་གསལ་པོ། ཧུར་ཐག་སྒོས་ཁྲལ་དོན་སྡེ་ཁག་གིས་ལག་བསྟར་བྱས་པའི་གཏན་ཁེལ་གསུམ་ལ་རམ་འདེགས་རོགས་སྒྲུབ་བྱེད་དགོས་ཤིང་། འགྲོ་སོང་ལ་འགན་བཅོལ་ཐུབ་པ། སྤྱི་ཚོགས་འགན་བཅོལ་མ་དངུལ་དང་ཁྲལ་དོན་མ་ཡིན་པའི་ཡོང་འབབ་ཀྱི་འགན་འཁྲི་གསལ་པོར་གསལ་འབྱེད་བྱས་ཏེ་དཔྱད་བརྗོད་དང་སྣེ་ཁྲིད་ཀྱི་བྱ་བ་སོགས་བསྒྲུབ་དགོས་ཚུལ་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཁྲལ་དོན་ཁྲལ་བསྡུའི་དོ་དམ་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པའི་དོན་སྙིང་ཧ་ཅང་གལ་ཆེ་ཞིང་། ང་ཚོས་འཆམ་མཐུན་འབྲེལ་བའི་རྨང་གཞིའི་སྟེང་ཁྲལ་བསྡུ་ལ་འགན་བཅོལ་ཐུབ་པ་དང་ཡོང་འབབ་འདྲ་མཉམ་ཡང་འཕར་བ། ཁྲལ་དོན་རུ་དཔུང་གི་བརྟན་འཇགས་རྨང་གཞིའི་སྟེང་ཏན་ཏིག་སྒོས་རིགས་སོ་སོའི་བཅོས་སྒྱུར་བྱ་བ་དེ་བརྟན་འཇགས་ངང་སྤེལ་ནས་མགྱོགས་མྱུར་སྒོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་དེང་རབས་ཅན་གྱི་ཁུལ་འཛུགས་བསྐྲུན་བྱེད་པར་འགན་བཅོལ་བྱེད་དགོས་ཞེས་བསྟན་ཡོད།

ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ་ལིའང་ཡན་ཀོ ཞིང་ཆེན་ཁྲལ་དོན་ཅུའུ་ལ་མཉམ་འབྲེལ་བྱེད་པའི་ཏང་ཨུ་དང་ཅུའུ་ཀྲང་གཞོན་པ། ཞིང་ཆེན་ཁྲལ་དོན་ལྟ་རྟོག་ཚོ་ཆུང་གི་འགོ་བ་ཀྲང་མེན། ཞིང་ཆེན་ཁྲལ་དོན་ཅུའུ་ལྟ་རྟོག་ཚོ་ཆུང་གི་འགོ་ཁྲིད་གཞོན་པའམ་ཞིང་ཆེན་ཁྲལ་དོན་ཅུའུ་ཉེན་ཁར་ལྟ་ཞིབ་ཚོད་འཛིན་ཁྲུའུ་ཡི་ཁྲུའུ་ཀྲང་ཀོའུ་ཅོན་ལུང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ། ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། ཁུལ་ནོར་སྲིད་ཅུའུ། ཁུལ་ཁྲལ་དོན་ཅུའུ། ཁུལ་མི་ཤུགས་ཐོན་ཁུངས་ཅུའུ། ཁུལ་རྩོམ་སྒྲིག་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣ། གྲོང་ཁྱེར་སོ་སོ་དང་རྫོང་མི་དམངས་སྲིད་གཞུང་། ས་གནས་སོ་སོའི་སྲིད་འཛིན་ཡན་ལག་དོ་དམ་ཁང་གི་འགོ་ཁྲིད་དང་རྒྱལ་ཁབ་ཁྲལ་དོན་ཅུའུ། ས་ཁྲལ་ཅུའུ་བཅས་ཀྱི་འགན་ཁུར་མི་སྣ་མང་པོ་ཞིག་གྲོས་ཚོགས་ལ་ཟབ་ཞུགས་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།