དམར་གཙང་རྫོང་གིས་ཟས་རིགས་ཁྲིམས་འགལ་གྱི་གྱོད་དོན24རྩད་ཆོད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་དམར་གཙང་རྫོང་གིས་གཅིག་གྱུར་སྒོས་དག་ཐེར་སྒྲིག་སྲོལ་བྱེད་ཐབས་སྤྱད་དེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱེད་ཐབས་ནུས་ལྡན་ལག་བསྟར་བྱས་ཤིང་། ཞིང་གྲོང་གི་ཟས་རིགས་བདེ་འཇགས་རྩད་གཅོད་བྱེད་པའི་དག་ཐེར་ཆེན་མོའི་བྱ་བ་སྤེལ་བས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ངེས་ཅན་ཞིག་བླངས་པ་རེད། ད་ལྟའི་བར་དམར་གཙང་རྫོང་གིས་ཁྱོན་བསྡོམས་རིགས་མི་འདྲ་བའི་ཚད་ལྡན་མ་ཡིན་པའི་ཟས་རིགས6700ལྷག་གཞུང་བཞེས་བྱས་ཤིང་། ཚོང་གཉེར་ཆོག་མཆན་དཔང་ཡིག་མེད་པའི་ཚོང་ཁང168ལ་གཙང་བཤེར་བྱས། གྱོད་དོན་དེ་བསྒྲུབས་པའི་གོ་རིམ་ཁྲོད་རིགས་མི་འདྲ་བའི་ཟས་རིགས་ཁྲིམས་འགལ་གྱོད་དོན24རྩད་ཆོད་པ་དང་གཞུང་བཞེས་དང་ཆད་པ་སྒོར་ཁྲི20ལྷག་བཅད། དེའི་ཁྲོད་ཀྱི་ཚབས་ཆེ་བའི་གྱོད་དོན་ཤིག་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་ཡོད་པ་རེད།

དམར་གཙང་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་དཀྱུས་གཞུང་ལྷེབ་ཀྱིས་དྲ་རྒྱ་འགྲེམ་པའི་བྱེད་ཐབས་སྤྱང་དེ། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ་ལ་རྩད་གཅོད་བྱས་ཏེ་ཐོ་འགོད་བྱེད་པའི་ཐབས་ལམ་སྤེལ་ནས་ཁྱོན་བསྡོམས་ཟས་རིགས་ཚོང་གཉེར་ཁྱིམ་ཚང1380ལ་དག་ཐེར་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ཧུར་ཐག་སྒོས་དཔེར་མཚོན་རྫོང་གི་གསར་གཏོད་བརྒྱུད་རིམ་ལ་སྐུལ་འདེད་བྱས་ཤིང་། རྫོང་ཧྲིལ་པོའི་ཁྱབ་ཁོངས་སུ་ཟས་རིགས་བདེ་འཇགས་དཔེར་མཚོན་ཟ་ཁང109བཙུགས་ནས་ཞིང་གྲོང་གི་ཟས་རིགས་བདེ་འཇགས་རྩད་གཅོད་དག་ཐེར་བྱ་བའི་དགོས་མཁོ་དེ་བྱེ་བྲག་ཅན་དུ་བཏང་ཞིང་། རྫོང་ཡོངས་སུ་དག་སྒྲིག་བྱ་བ་ལག་བསྟར་བྱེད་པའི་ཐད་ཀྱི་འགལ་རྐྱེན་ཡོད་ཚད་གཙང་སེལ་བྱས།

དེ་ལས་གཞན་དམར་གཙང་རྫོང་གིས་མཐའ་མཚམས་ས་ཁུལ་དུ་ཡོད་པའི་ཟས་རིགས་ཚོང་གཉེར་ཁྱིམ་ཚང་དང་ཐང་འཚོང་མཁན་དག་གི་སྒོ་ཁར་སོང་སྟེ་གཞུང་དོན་བསྒྲུབས་པ་དང་གཅིག་བསྡུས་ཀྱིས་ཉམས་ལེན་བརྒྱུད། ཁྱིམ་ཚང་རེ་རེ་ལ་རྩད་གཅོད་བྱས་ཤིང་ཁྱིམ་ཚང་རེ་རེ་བཞིན་ཐོ་འགོད་བྱས་ཏེ་མཛུབ་སྟོན་ཡང་བྱས་ནས་སྒྲིག་ཁོངས་སུ་བཅུད་པ་རེད།དེ་མཚུངས་ཚོང་གཉེར་བྱེད་མཁན་གཙོ་བོ་དག་གི་ཐོབ་ཐང་ཁྲིམས་མཐུན་ལ་འགན་བཅོལ་བྱས་ཏེ་འབྲེལ་ཡོད་བདེན་དཔང་རེ་རེ་བཞིན་བླངས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།