ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཞིང་ཆེན་བོད་སྨན་ཁང་གི་བྱ་བར་རྟོག་ཞིབ་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ7པའི་ཚེས5ཉིན་གྱི་སྔ་དྲོར།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སོང་སྟེ།  བོད་སྨན་གྱི་ལས་དོན་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད།    ཞིང་ཆེན་སྲིད་གཞུང་གི་དྲུང་ཡིན་ཆེན་མོ་གཞོན་པ་སུའུ་ཆོན་རེན་དང་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝའོ་ཅའེ། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞོའུ་ཀྲུང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་བཅོས་སྒྱུར་འཕེལ་རྒྱས་ཁྲུའུ་ཁྲུའུ་ཀྲང་ཝང་ཅན་ཕེན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་མཛད།

ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཞིང་ཆེན་བོད་སྨན་ཁང་གི་གླིང་གཙོ་ཀླུ་བྱམས་རྒྱལ་དང་གླིང་ཁུལ་གཞན་པའི་འགོ་ཁྲིད་ཚན་ཁག་གི་ཚོགས་མིའི་འགྲོ་རོགས་འོག   ཕྱི་བཅོས་ཚན་ཁག་དང་ཆ་འཕྲིན་ལྟེ་གནས་སོགས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ།   སྨན་ཁང་གི་གཞི་རྩའི་གནས་ཚུལ་དང་བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ལག་རྩལ།  བོད་སྨན་གྱི་ལུས་པོ་བདེ་སྲུང་།  བོད་སྨན་རིག་གནས།  ཆ་འཕྲིན་ཅན་འཛུགས་སྐྲུན་གནས་ཚུལ་སོགས་ལ་ཞིབ་ཕྲའི་སྒོ་ནས་རྒྱུས་ལོན་བྱས་པར་མ་ཟད།  སྨན་བཅོས་མི་སྣའི་བྱ་བའི་གནས་ཚུལ་དང་ནད་པའི་སྨན་བཅོས་གནས་ཚུལ་ཡང་རྒྱུས་ལོན་བྱས་ཏེ།    སྨན་པ་དང་ནད་གཡོག་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།     དེའི་རྗེས་སུ།   ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་གླིང་ཁུལ་མགོ་ཁྲིད་ཚན་ཁག་གི་ཚོགས་མི།  འབྲིང་རིམ་ལས་བྱེད་པའི་འཐུས་ཚབ་པ་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།   གླིང་གཙོ་ཀླུ་བྱམས་རྒྱལ་གྱིས་སྨན་ཁང་གི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་གནས་ཚུལ།   གནད་དོན་དང་དཀའ་ཁག་སོགས་ཞིབ་ཕྲའི་སྒོ་ནས་སྙན་ཞུ་ཕུལ།  

སྙན་ཞུ་ལ་ཉན་རྗེས། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་བོད་སྨན་ཁང་གི་ལས་དོན་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་ཐོབ།   ཁོས་ནན་གྱིས་བསྟན་དོན།   ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རང་ཞིང་གི་བོད་སྨན་ཁང་གི་ལས་དོན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད།   ཞིང་ཆེན་ཡོངས་ཀྱི་བོད་སྨན་འཕེལ་རྒྱས་ཚོགས་ཆེན་མི་འགྱངས་པར་ཚོགས་ལ་ཉེ་པས། དུས་རབས་གསར་པ་དང་རྣམ་པ་གསར་པའི་འོག   ཞིང་ཆེན་བོད་སྨན་ཁང་དེ་ཞིང་ཆེན་ཡོངས་ཀྱི་བོད་སྨན་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མཁན་ཡིན་པས་ཆ་ནས།  དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བསམ་ཕྱོགས་ཁྱོན་ཡོངས་ནས་ཁོངས་སུ་ཆུད་དགོས་ཟེར།  རྗེས་ཕྱོགས་ནས་གཤམ་གྱི་བྱ་བ་འདི་དག་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས།  

གཅིག   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན། ཏང་གི་ཚོགས་ཆེན་བཅུ་དགུའི་སྙན་ཞུའི་སྟེང་ཕུལ་བའི་གསུང་བཤད་དགོངས་དོན་ལ་གཟབ་ནན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས།  གསུང་བཤད་ཀྱི་དོན་དངོས་ནང་དོན་ལ་ནན་གྱིས་སློབ་སྦྱོང་དང་ཁོངས་སུ་ཆུད་ན། ད་གཟོད་ཁ་ཕྱོགས་གསལ་པོ་དང་ཡིད་ཆེས་བརྟན་པོ།  ངར་ཤུགས་ཧུར་བསྐྱེད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་ཐུབ་པ་རེད།

གཉིས། ཕུལ་བྱུང་བོད་སྨན་རིག་གནས་རྒྱུད་འཛིན་ལེགས་པོ་དང་སྲུང་སྐྱོབ་ལེགས་པོ། དར་སྤེལ་ལེགས་པོ་བྱེད་དགོས།   བོད་སྨན་རིག་གནས་ནི་ང་ཚོའི་གཅེས་ནོར་ཡིན་པས་བོད་སྨན་ནི་འཕྲོད་བསྟེན་ཀྱི་ཐོན་ཁུངས་ཡིན་པར་མ་ཟད་དཔལ་འབྱོར་གྱི་ཐོན་ཁུངས་ཡིན་ལ།  ཚན་རྩལ་གྱི་ཐོན་ཁུངས་དང་རིག་གནས་ཀྱི་ཐོན་ཁུངས། དེ་ལས་ཀྱང་སྐྱེ་ཁམས་ཀྱི་ཐོན་ཁུངས་ཡིན་པས། བོད་སྨན་ལས་དོན་འཕེལ་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ལྡན། ང་ཚོས་དུས་སྐབས་གསར་པ་དང་དུས་རབས་གསར་པར་བོད་སྨན་ལས་དོན་སྔར་ལས་རྒྱུད་འཛིན་ལེགས་པོ་དང་སྲུང་སྐྱོབ་ལེགས་པོ།  དར་སྤེལ་ལེགས་པོ་བྱ་རྒྱུར་འགན་འཁྲི་དང་ཆ་རྐྱེན་ཡོད་པ་རེད།

གསུམ།  དམངས་ལ་ཞབས་ཞུ་བསྒྲུབ་པའི་བསམ་ཕྱོགས་རྒྱུན་འཁྱོངས་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱ་དགོས།  སྨན་བཅོས་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་གཙོར་བཟུང་སྟེ།   ཁྱབ་གདལ་ཁྱབ་ཁོངས་དང་ཞབས་ཞུའི་ཁྱབ་ཁོངས་ཇེ་ཆེར་བཏང་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཕན་བདེ་སྐྲུན་དགོས།  

བཞི།  འཇོན་མི་གསོ་སྐྱོང་བྱེད་པ་སྔར་ལས་ཤུགས་སྣོན་དགོས།   འཇོན་མིའི་གནད་དོན་དེ་ཨང་དང་པོར་འཇོག་དགོས།  མཐོ་རིམ་འཇོན་མི་ནི་སྨན་ཁང་གི་རྩ་བ་ཡིན་པས་སྨན་ཁང་ ཀྲུང་གོའི་བོད་སྨན་དབུ་བཞུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཉི་མ་ལྟ་བུའི་ཤུགས་རྐྱེན་ཆེ་བའི་སློབ་དཔོན་ཆེན་མོ་དང་ཁ་བྲལ་ཐབས་མེད།   མ་འོངས་པའི་འཕེལ་རྒྱས་ཁྲོད་སློབ་དཔོན་ཆེན་མོ་རིམ་པའི་ཆེད་མཁས་པ་མང་པོ་གསོ་སྐྱོང་བྱེད་དགོས་པར་མ་ཟད།  སློབ་དཔོན་ཆེན་མོའི་མཛུབ་ཁྲིད་འོག་བོད་སྨན་ལས་དོན་གྱི་རྒྱུད་འཛིན་མཁན་མང་པོ་གསོ་སྐྱོང་བྱེད་དགོས།

ལྔ།  སྨན་བཅོས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་གཙོར་འཛིན་དགོས།   སྨན་ཁང་གི་ཏང་གི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། སྨན་ཁང་ཏང་འཛུགས་དང་ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་གྱི་རིགས་སོ་སོའི་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་དགོས།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འདུ་ཤེས་ལ་ཤུགས་སྣོན་པ།  མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སུ་གཏོང་དགོས།    བོད་སྨན་ཁང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་སྔོན་ཐོན་ལས་ཁུངས་ཡིན་པའི་ཆ་ནས།  དར་ཆ་མཐོན་པོར་སྒྲེང་སྟེ་སྤུས་ལེགས་ནུས་ཚད་སྔར་ལས་འདོན་སྤེལ་གང་ལེགས་བྱ་དགོས།  

མཇུག་མཐར།  ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་བཤད་རྒྱུར། སྨན་ཁང་གིས་བཏོན་པའི་གནད་དོན་དང་བསམ་འཆར་གྲོས་གཞི་ལ་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནན་ཏན་སྒོས་ཞིབ་འཇུག་གྲོས་བསྡུར་བྱ་ངེས། བོད་སྨན་ལས་དོན་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་སྒྲིག་གཞི་གཞིར་བཟུང་ནས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་ཐག་གཅོད་བྱ་ངེས་ཡིན་ཟེར།  

ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས“རྒྱལ་སྨན་སློབ་དཔོན་ཆེན་མོ”ཉི་མ་ལ་འཚམས་འདྲི་བྱེད་བཞིན་པ།

མཉམ་པར། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།