ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་མཚོ་སྔོན་གྱི་བུ་མོ་ཞིག་གིས་རྨིད5000གི་འདུར་རྒྱུགས་ཁྲོད་ཨང་དང་པོ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས4ཉིན། ཐེ་ལན་གྱི་རྒྱལ་ས་མན་ཀུའུ་རུ་བསྡུས་པའི་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་ཡ་གླིང་གི་བུད་མེད་འདུར་རྒྱུགས་རྨིད5000གི་རྣམ་གྲངས་ཁྲོད། རང་ཞིང་གི་མང་རྫོང་ཐར་ཤུལ་ནས་ཡོང་བའི་བུ་མོ་འགྲན་ཞུགས་པ་ཤེས་རབ་འཚོ་ཡིས་སྐར་མ23དང་སྐར་ཆ44ཚེག39ཡིས་ཁོ་རེ་ཡ་དང་འཇར་པན་གྱི་འགྲན་ཞུགས་པ་ལས་རྣམ་པ་རྒྱལ་པ་རེད།

ད་ལོའི་ཟླ10པའི་ནང་ཁོ་ཚོ་ཨ་ཀུན་ཐེན་དུ་ན་གཞོན་ཨོ་རྩལ་གྱི་འདུར་རྒྱུགས་ཁྲོད་ཞུགས་རྒྱུ་ཡིན་པ་རེད།


འདུར་རྒྱུགས་ཁྲོད་ཀྱི་ཤེས་རབ་འཚོ། 


བྱ་དགའ་ལེན་བཞིན་པའི་རྣམ་པ།

འགྲན་ཞུགས་པ་དང་མཉམ་དུ་བསྐྱོན་པའི་པར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།