ན་གོར་མོ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་སྐྱེལ་བར་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་སྡེ་རུ་གློག་རྡུལ་ཚོང་དོན་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་ཞིང་སྡེའི་ཚོང་དོན་འཁོར་རྒྱུགས་དེང་རབས་ཅན་ལ་སྐུལ་འདེད་བྱེད་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་བྱེད་ཐབས་ནུས་ལྡན་བེད་སྤྱད་བྱས་ཤིང་། གློག་རྡུལ་ཚོང་དོན་གྱི་ཞབས་ཞུའི་མ་ལག་གསར་འཛུགས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱས་པ་རེད།

ནུས་ཤུགས་གང་ཡོད་སྒོས་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་དྲ་རྒྱའི་སྒྲིག་གཞི་བཙུགས་པ། གཞི་རིམ་གྱི་ཚོང་རྫས་མཁོ་སྤྲོད་རྩ་འཛུགས་གསར་འཛུགས་དང་ཞིང་སྡེའི་གློག་རྡུལ་ཚོང་དོན། ཞིང་སྡེའི་ཚོང་ཟོག་འཁོར་རྒྱུག  ཞིང་ལས་ཐོན་རྫས་ཞིང་ལས་འཕྲུལ་ཆས་མཁོ་སྤྲོད། ཞིང་བ་དག་གི་དངུལ་རྩ་མཁོ་སྤྲོད་བྱེད་པ། སྦྲགས་སྲིད་བརྒྱུད་ནས་མྱུར་བསྐུར་བྱེད་པ་སོགས་ཀྱི་བྱེད་ནུས་དེ་དག་ངོ་བོ་གཅིག་གི་སྟེང་ནས་གློག་རྡུལ་ཞབས་ཞུའི་སྣ་འཛོམས་ལྟེ་གནས་གསར་འཛུགས་བྱས། དེ་ཡང་གློག་རྡུལ་ཚོང་དོན་སྟེགས་བུ་དེས་ཞིང་སྡེའི་ཐོན་ཁུངས་ཞབས་ཞུ་སྣ་ཚོགས་ལ་ཟུང་འབྲེལ་བྱས་ཤིང་། ཞིང་སྡེའི་བརྡ་འཕྲིན་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་བྱེད་པ། ཞབས་ཞུའི་ཁྱབ་ཁོངས་ནས་ཞིང་སྡེའི་ཚོང་ལས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བ། ཞིང་སྡེའི་ཚོང་ལས་མ་ལག་འཛུགས་བསྐྲུན་རྒྱ་བསྐྱེད་པ། ཐོན་རྫས་ཀྱི་ཕྱིར་འཚོང་བགྲོད་ལམ་རྒྱ་བསྐྱེད་པ་བཅས་བྱ་ཆེད། དོན་དངོས་དང་ཟུང་འབྲེལ་གྱིས་གློག་རྡུལ་ཚོང་དོན་ལ་ཟུང་འབྲེལ་བྱས་ཏེ། ཞིང་ལས་རིམ་འཕར་ལ་རོགས་འདེགས་དང་ཞིང་སྡེ་འཕེལ་རྒྱས། ཞིང་བའི་ཡོང་འབབ་འཕར་སྣོན་བཅས་བྱས་པ་རེད།

ཁེ་ལས་འཕེལ་རྒྱས་ཀྱི་གློག་རྡུལ་ཚོང་དོན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པ། མཚོ་སྔོན་སྤྲིན་ཚོམ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིས་ཁྱབ་ཁོངས་རང་བཞིན་གྱི་གློག་རྡུལ་ཚོང་དོན་སྟེགས་བུའི་ཕུགས་འདུན་མངོན་འགྱུར་བྱས་ཤིང་། གྲོང་ཁྱེར་གྱི་རྣམ་པ་གསར་པའི་ཤིང་ཏོག་སྐྱེལ་འདྲེན་ཞབས་ཞུ་སྤེལ་ཏེ། སྟེགས་བུ་དེས་ཚོང་ར་དང་འཛད་སྤྱོད་པའི་བར་ལ་ཐད་ཀར་དུ་འབྲེལ་བ་བཙུགས་ནས་སྔོ་ཚོད་གསར་པ་བར་མཚམས་སུ་དུས་ཡུན་འགོར་བའི་འཁོར་རྒྱུག་གི་རིམ་པ་དེ་མེད་པར་བཟོས་ཤིང་། གྲོང་ཁྱེར་ཧྲིལ་པོའི་ཞིང་ཕྱུགས་ཐོན་རྫས་ལ་ཚོང་ལས་འཁོར་རྒྱུག་ཐད་བགྲོད་ལམ་གསར་པ་ཞིག་གཏོད་པ་རེད། མདོ་དབུས་གློག་རྡུལ་ཐོན་ལས་གླིང་གིས་སྣེ་ཁྲིད་དང་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱས་ཤིང་། ཧུར་ཐག་སྒོས་ཞིང་སྡེའི་གློག་རྡུལ་ཚོང་དོན་དྲ་རྒྱའི་འཛུགས་བསྐྲུན་བྱ་བར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། ཤང་དང་གྲོང་བརྡལ4ལ་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་སྒྲིག་ཆས་སྒྲིག་འཇུག་བྱེད་བཞིན་ཡོད།

ཧུར་ཐག་སྒོས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ལོ་སྟོད་ལ་ན་གོར་མོ་གྲོང་ཁྱེར་གྱིས2018ལོའི་ཚོང་རྫས་མཁོ་སྤྲོད་བཅོས་སྒྱུར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི100བརྩོན་ལེན་བྱས་ཤིང་། གྲོང་ཁྱེར་ཧྲིལ་པོའི་རོང་འབྲོག་ས་ཁུལ་དུ་གློག་རྡུལ་ཚོང་དོན་འཁོར་སྐྱོད་ཞབས་ཞུའི་མ་ལག་འཛུགས་བསྐྲུན་བྱེད་པ་བེད་སྤྱད་བྱས། ད་ལྟའི་ཆར་ལས་གཞི་དེ་དངོས་སུ་ལག་བསྟར་བྱས་པ་བརྒྱུད་དུས་སྔོན་མའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཧུར་ཐག་སྒོས2018ལོའི་གློག་རྡུལ་ཚོང་དོན་ཞིང་སྡེ་སྣ་འཛོམས་དཔེར་མཚོན་རྫོང་ལ་རེ་འདུན་སྙན་ཞུའི་བྱ་བ་སྒྲུབ་སྟེ། ཁྱོན་ཡོངས་ནས་ཞིང་སྡེའི་གློག་རྡུལ་ཚོང་དོན་ཞབས་ཞུའི་དྲ་རྒྱ་དང་རྒྱབ་སྐྱོར་མ་ལག་འཛུགས་བསྐྲུན་ཐད་སྐུལ་འདེད་བྱས་པ་རེད།

རྨང་གཞིའི་སྒྲིག་ཆས་ཀྱི་བརྡ་འཕྲིན་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་པ། ན་གོར་མོ་གྲོང་ཁྱེར་གྱིས་ཚོང་རྫས་འཁོར་རྒྱུག་ཆེན་མོ་གསུམ་དང་ལྕགས་མདོང་ཀུང་ཟིས་བརྡ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་ལ་མ་རྩ་བཏང་སྟེ། གྲོང་ཁྱེར་ས་ཁུལ་དང་དེ་མིན་ཤང་དང་གྲོང་བརྡལ4ལ་དྲ་རྒྱས་ཡོངས་སུ་ཁེབས་པ་མངོན་འགྱུར་ཤིང་། གྲོང་ཁྱེར་ཧྲིལ་པོའི་སྲིད་འཛིན་སྡེ་བ42ཀྱི་ནང་ནས་སྡེ་བ41ལ་དྲ་རྒྱ་ཤར་གཏོང་བྱས་ཤིང་། དྲ་རྒྱ་ཤར་གཏོང་ཐུབ་པའི་སྡུར་ཚད་ནི97%ལ་སླེབས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།