མང་རྫོང་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན།

ཉེ་སྔོན། མང་རྫོང་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུལ་རྩྭ་ཐང་ནས་བསྡུས་པ་རེད། མང་རྫོང་གི་ས་ཁུལ་སོ་སོའི་མདའ་བ60ལྷག་གནས་དེ་རུ་འཛོམས་ཏེ། མདའ་འཕེན་འགྲན་སྡུར་གྱི་གསོལ་སྟོན་རྒྱ་ཆེན་ཞིག་བཤམས་པ་རེད།

མང་རྫོང་སྒུལ་འཁོར་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཆེད་ལས་སྒུལ་འཁོར་འགྲན་སྡུར་ཅིག་ཡིན་ལ། ས་གནས་མང་ཚོགས་ཀྱིས་རེ་ཞིང་སྒུག་པའི་དུས་སྟོན་ཞིག་ཀྱང་ཡིན་པ་རེད། ལོ་རེའི་དུས་ཚིགས་འདིར། མང་རྫོང་གི་ས་ཁུལ་སོ་སོའི་ཡུལ་མི་སྤུན་ཟླ་དག་གནས་འདིར་དགའ་འཛོམས་བྱུང་སྟེ། གླུ་གར་འཁྲབ་སྟོན་དང་མདའ་འཕེན། རྟ་རྒྱུག་འགྲན་སྡུར་སོགས་ཀྱི་རྣམ་པས་མཉམ་གཅིག་དུས་ཆེན་ལ་རོལ་བའི་སྲོལ་དར་ཡོད།

ལོ་ཙཱ་བ། ཀླུ་མོ།