རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོས་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། དབྱར་འགོ་མའི་རྨ་སྟོད་ནི་ཧ་ཅང་མཛེས་པའི་དུས་ཡིན་ལ། མཚོ་སྐྱ་རེངས་ཡུལ་ཚོའི་ཉེ་འཁོར་གྱི་འབྲོག་མི་རྣམས་ཀྱིས་ལུས་ལ་མཆོར་སྒེག་ལྡན་པའི་དུས་ཆེན་གྱི་རྒྱན་གོས་སྤྲས་ཤིང་།མཛེས་སྡུག་ལྡན་པའི་རྩྭ་ཐང་དུ་དགའ་འཛོམས་བྱུང་སྟེ། དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་བསྡུས།

སྡེ་བ་སོ་སོས་རྟ་རྒྱུག་འགྲན་སྡུར་དང་གླུ་གཞས་འཁྲབ་སྟོན་སོགས་བྱས་ཏེ་དུས་སྟོན་གྱི་དཔལ་ལ་རོལ།

ལོ་ཙཱ་བ། ཀླུ་མོ།