ཉེན་རྟོག་སྡེ་ཁག་གིས་གཅིག་བསྡུས་སྒོས་གྱོད་གཞི་དང་འབྲེལ་བའི་སྒོར་ཁྲི350ཡི་རྒྱུ་དངོས་ཕྱིར་ཉེས་མེད་རྒྱུ་བདག་ལ་སྤྲད་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན། གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་བདའ་འདེད་གཏོང་རྒྱུའི་ཚོགས་ཆེན་འཚོགས་ཏེ།ཡུལ་དངོས་སུ་གནོད་འཚེ་ཕོགས་པའི་མང་ཚོགས20 ལྷག་ཙམ་ལ་གློག་འཕྲིན་གྱི་མགོ་སྐོར་ཐེབས་པའི་གྱོད་གཞིའི་ཁྲོད་ནས་རྙེད་སོན་བྱུང་བའི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར234.5ཕྱིར་སྤྲད། སི་ཁྲོན་རྔ་པ་དང་ཡུལ་ཤུལ། མགོ་ལོག་སོགས་སུ་རླངས་འཁོར6རྙེད་པ་དང་། ཁྱོན་བསྡོམས་སྒོར་ཁྲི120ལྷག་གི་མ་རྩ་ཡོད་པ་རེད།

ཉེ་བའི་ལོ་འདི་གའི་རིང་། ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་ཐེབས་པའི་གནོད་སྐྱོན་དང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི“ ནག་ཚོགས་གཏོར་བཅོམ” ཆེད་དོན་འགུལ་སྐྱོད་དང་ཉེས་ཅན་ལ་རྡུང་རྡེག་ཚ་ནན་གཏོང་བའི་བཅོས་སྒྲིག་གཙོ་གནད་དུ་བཟུང་སྟེ   ། སྔ་རྗེས་སུ“ རྐུ་འཕྲོག    ” ལ་རྡུང་རྡེག་གཏོང་བ་དང་།  གློག་འཕྲིན་མགོ་སྐོར་ལ“ རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག” “ ནག་ཚོགས་གཏོར་བཅོམ  ” སོགས་ཀྱི་ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ།  ད་ལོའི་ལོ་སྟོད་ལ་གློག་འཕྲིན་གཡོ་སྒྱུར་ངོ་རྒོལ་ལྟེ་གནས་ཀྱིས་གྱོད་དོན40ལྷག་རྩད་ཆོད་བྱུང་སྟེ། དོགས་ཡོད་ཉེས་ཅན་མི65འཛིན་བཟུང་བྱས།  གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར1362.861སྤྲོད་མཚམས་བཞག།གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་ཁང་གི་རྩིས་ཨང435སྤྲོད་མཚམས་བཞག ཉེན་བརྡའི་ཁ་པར་རྒྱག་ཐེངས1300 ལྷག་ཙམ་ཡོད། ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གསུམ་པས་རླངས་འཁོར་རྐུ་འཕྲོག་ཆེད་ལས་རུ་ཁག་ལ་རྡུང་རྡེག་བཏང་སྟེ། ཟི་ལིང་གྲོང་ཁྱེར་དུ་རླངས་འཁོར་རྐུ་འཕྲོག་བྱེད་པའི་གྱོད་དོན་གྱི་གྱོད་གཞིའི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་འདུག  2013 ལོར་རུ་ཆེན་གསུམ་པ་དབུ་བརྙེས་པའི་ཐོག་མའི་དུས་དེར་ཆ་སྙོམས་གྱོད་གཞི50 ལྷག་ཙམ་དང་། 2018 ལོར་སླེབས་སྐབས་ཟླ་རེར་ཆ་སྙོམས་གྱོད་གཞི5 ལས་བྱུང་མི་འདུག  ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་རྐུ་འཕྲོག་གི་གྱོད་གཞི་ཐོན་ཚད་ན་ནིང་གི་དུས་མཚུངས་ལས54.24%ཆག་པ་དང་། གྱོད་དོན་རྩད་ཆོད་ཚད་ན་ནིང་གི་དུས་མཚུངས་ལས44% འཕར་སྣོན་བྱས་འདུག 

ལོ་ཙཱ་པ།རྟ་མགྲིན་དཔལ།