མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་གྱིས“བུད་མེད་མཛངས་མ·ཁྱིམ་གྱི་གཞི་མ”ཞེས་པའི་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཚོགས་པར་བསྐྲུན་འགྲེམས་སྤེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཁྱིམ་ཚང་དང་བྱིས་པ་དག་གི་དཔེ་ཀློག་གི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ཁྱིམ་གཞིས་ལ་བདེ་སྐྱིད་འཆམ་མཐུན་ཡོང་བར་སྐུལ་འདེད་བྱ་ཆེད། ཟླ7པའི་ཚེས6ཉིན་གྱི་ཕྱི་དྲོ་མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་མཛངས་མ།·ཁྱིམ་གྱི་གཞི་མ”ཞེས་པའི་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཚོགས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་མཛད་སྒོ་སྤེལ་བ་དང་། ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་དང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཁུལ་རྩོམ་རིག་ལྷན་ཚོགས། ཁུལ་དམངས་སྲིད་ཅུའུ། ཁུལ་བོད་སྨན་ཁང་སོགས་ལས་ཁུངས་དག་ལ་དཔེ་ཚོགས་འགྲེམས་སྤེལ་བྱས་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། “བུད་མེད་མཛངས་མ·ཁྱིམ་གྱི་གཞི་མ”ཞེས་པའི་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཚོགས་ནི་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་ཚང་གི་གོམས་སྲོལ་བཅས་ལ་དོ་སྣང་གལ་ཆེན་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཚོགས་ཤིག་ཡིན་ལ། དཔེ་ཚོགས་དེར་རྒྱ་བོད་སྐད་གཉིས་ཤན་སྦྱར་དང་རྒྱལ་གཅེས་ཁྱིམ་གཅེས། བུད་མེད་བདེ་ཐང་། ཚན་རིག་གསོ་སྤེལ་སློབ་གསོ། བྱིས་པའི་འཚར་ལོངས་སོགས་ཀྱི་ནང་དོན་འདུས་པའི་དཔེ་ཚོགས་རིམ་པ8000ལྷག་ད་ལྟའི་ཆར་རང་ཁུལ་དུ་གནང་བ་དང་རང་ཁུལ་གྱི་ས་ཁུལ་སོ་སོར་བསྐུར་བ་མ་ཟད། ཐེངས་འདིར་གཙོ་བོ་ཁུལ་ཁོངས་གཏོགས་ཀྱི་བུད་མེད་དང་མང་ཚོགས་དག་ལ་གནང་བ་རེད།

ཁུལ་བུད་མེད་ལྷན་ཚོགས་ཀྱི་ཞིབ་འཇུག་མི་སྣ་ཝང་ཧྥུན་ཆིན་གྱིས་བཤད་རྒྱུར། “རྒྱ་ཆེའི་བུད་མེད་དང་མང་ཚོགས་ཀྱིས་དཔེ་ཚོགས་དེ་ཀློག་པ་བརྒྱུད་བེད་སྤྱོད་ཀྱིས། ས་ཁུལ་སོ་སོའི་བུད་མེད་ཁྱིམ་གཞིས་དང་ཡུལ་སྡོད་བྱིས་པའི་ཁྱིམ་གཞིས་ལ་དྲིལ་སྒྲོག་བྱས་པ་བརྒྱུད། ཕུན་སུམ་ཚོགས་པའི་དཔེ་ཀློག་བྱ་འགུལ་བརྒྱུད་ནས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་དག་གིས་རང་རྟོག་སྒོས་དཔེ་ཀློག་བྱེད་པ་དང་ནམ་རྒྱུན་ཞིབ་ཀློག་བྱེད་པ། དཔེ་ཆའི་སྟེང་གི་ནང་དོན་དེ་དག་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་དང་གོམས་སྲོལ། འཚོ་བའི་རིན་ཐང་སོགས་ཀྱི་ཐད་བཀོལ་ནས་རང་འགུལ་སྒོས་བདེ་ཐང་དཔལ་ཡོན་གྱི་དེང་རབས་འཚོ་བ་དང་བྱ་སྤྱོད་སྤེལ་བ་བརྒྱུད་ངོས་འཛིན་བཞི་དམ་འཛིན་སྒོས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་སྲུང་གིས་དོན་དངོས་འགུལ་སྐྱོད་ལས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་དགོས”ཟེར།

ཐེངས་འདིར་འགྲེམས་སྤེལ་བྱས་པའི“བུད་མེད་མཛངས་མ·ཁྱིམ་གྱི་གཞི་མ”ཞེས་པའི་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཚོགས་ལ་ཁ་གཏད་རང་བཞིན་ཤུགས་དྲག་པ་དང་ནང་དོན་དོན་དངོས་ཡིན་པ། རྩོམ་སྒྲིག་ཐད་ལ་ཞིབ་ཚགས་ལྡན་པ། བར་བཅུག་སྣང་བརྙན་རི་མོ་ཡོད་པ། བུད་མེད་དག་གི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་ཡོ་བྱད་དཔེ་ཆ་དང་བེད་སྤྱོད་དཔེ་ཆ། མཛུབ་སྟོན་དཔེ་ཆ་ཞིག་ཡིན། དཔེ་ཀློག་བརྒྱུད་ཡི་གེའི་ནང་དོན་སྟབས་བདེ་ཞིང་རི་མོ་དང་ཟུང་འབྲེལ་གྱི་རྣམ་པ་ཆགས་ཡོད། བུད་མེད་མང་ཚོགས་ཀྱིས་དེང་རབས་དང་ཚན་རིག དཔལ་ཡོན་བཅས་ཀྱི་བདེ་སྐྱིད་འཚོ་བར་མཛུབ་སྟོན་བྱས་ཡོད།

“ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ང་ཚོར་འདི་འདྲའི་དཔེ་ཆ་གནང་པ་ལ་ངོ་མས་བཀའ་དྲིན་ཆེ། ཕྱིར་སོང་རྗེས་ང་ཚོས་ནན་ཏན་སྒོས་སློབ་སྦྱོང་བྱ་རྒྱུ་ཡིན་ལ། ཁྱིམ་ཚང་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་ནས་ཉེ་འཁོར་གྱི་བུད་མེད་དག་ལ་ཡང་ནན་ཏན་སྒོས་སློབ་སྦྱོང་བྱེད་དུ་བཅུག་སྟེ། དཔེ་ཀློག་ལེགས་པོ་དང་བེད་སྤྱོད་ལེགས་པོ། དོ་དམ་ལེགས་པོ་བཅས་བྱས་ནས་དཔེ་ཀློག་ལ་དགའ་ཞིང་སློབ་སྦྱོང་ལ་དགའ་བ། དྲིན་གཟོ་ཤེས་པའི་དུས་རབས་དང་མཐུན་པའི་བུད་མེད་ཞིག་བྱ་རྒྱུ་ཡིན”ཞེས་གཏེར་ལེན་ཁ་གྲོང་ཁྱེར་པེན་ཧི་ལམ་གཞིས་ཁུལ་གྱི་བུད་མེད་འཐུས་ཚབ་པ་པེ་ཅན་ཧྥང་གིས་བཤད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།