2018ལོའི་མཱ་ཡོན་ཞང་གྲོང་དགེ་རྒན་བྱ་དགའི་གྲས་སུ་རང་ཞིང་གི་ཞང་གྲོང་དགེ་རྒན9ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། ཟླ་བ་གཅིག་གི་འདེམས་བཤེར་བྱས་པ་བརྒྱུད། 2018ལོའི་མཱ་ཡོན་ཞང་གྲོང་དགེ་རྒན་བྱ་དགའི་ཁྲོད་དུ་མི300ཚུད་པགཏན་འཁེལ་བྱས་ཤིང་། དེའི་ཁྲོད་རང་ཞིང་གི་ཞང་གྲོང་དགེ་རྒན9དེ་རུ་ཚུད་ཡོད་པ་རེད།

2018ལོར“མཱ་ཡོན་ཞང་གྲོང་སློབ་གསོའི་འཆར་གཞི”འགོ་ཚུགས་པ་ནས་བཟུང་། རང་ཞིང་གི་དགེ་རྒན59ཡིས་ཡར་ཞུ་བྱས་པ་དང་། ཡར་ཞུ་མཇུག་རྫོགས་རྗེས། མཱ་ཡོན་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་ས་གནས་སོ་སོའི་སྨྱན་སྦྱོར་ཁག་གིས་ཡིག་ཐོག་སྙན་ཞུ་འབུལ་མཁན་དག་ལ་ཐོག་མའི་ལེགས་འདེམས་དང་སྐར་མ་རྒྱག་རྒྱག་པ་སོགས་གདམ་གསེས་བྱ་ཐབས་སྤེལ་ཏེ། མཇུག་མཐར་མི300དགེ་རྒན་གྱི་མིང་ཐོ་རུ་ཚུད།  གསར་འགོད་པས་མཱ་ཡོན་ཐེབས་རྩ་ཚོགས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་དགེ་རྒན་ནང་ཚུད་པའི་མི300ལྷག་དེ་རང་རྒྱལ་གྱི་ཞིང་ཆེན23དང་། གྲངས་ཉུང་མི་རིགས18 ། དཀྱུས་གཅིག་ཏུ་འབྲེལ་བའི832ཡི་དབུལ་རྫོང199བཅས་ལ་ཁྱབ་ཡོད་པ་རེད།

རང་ཞིང་གི་ཞང་གྲོང་དགེ་རྒན་གྲས་སུ་ཚུད་པའི་དགེ་རྒན9ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་ཁྲིན་ཧྲི་ཁྲའོ། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཀན་ཧི་ཐན་གྲོང་རྡལ་སློབ་གྲྭའི་ཏུང་ཁྲེན་ལིན། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཧེ་ཙི་ཁུ་ཞང་ཧེ་ཧྲང་སློབ་གྲྭའི་ཟོན་ཁྲང་ཧེ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཏའོ་ལིན་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི་ལིག་ཀྲན་ཚའེ། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཧྲིན་ཀྲོང་ཞང་ཧྲིན་ཀྲོང་སློབ་ཁྲིད་ས་ཚིགས་ཀྱི་ཝུའུ་ཡན་ཅིན། མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཞང་སློབ་ཆུང་གི་མཱ་མེན་ཆོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ་སྨད་པ་ཁྱུང་བོའི་སློབ་ཆུང་གི་བླ་མ་ཚེ་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧེ་རིགས་རང་སྐྱོང་རྫོང་ཞཱན་མེ་ཞང་སྡོད་ལམ་ལུགས་སློབ་ཆུང་གི་སོན་ཧེ་ཧོང་། ཟི་ལིང་གྲོང་སྟོང་སྐོར་རྫོང་སྟོད་པ་གྲོང་རྡལ་ཐེན་ཧེ་སློབ་གྲྭའི་ཀྲང་ཏི་ཚེ་བཅས་ཡིན་པ་རེད། 

ལོ་ཙཱ་པ།རྟ་མགྲིན་དཔལ།