རང་ཞིང་གིས་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ར་བ11འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ད་ལོར་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ཚོང་ར11འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་ནས5། མཚོ་བྱང་གྲོང་ཁྱེར་ནས3། མཚོ་བྱང་ནས1། མཚོ་ལྷོ་ནས1། མཚོ་ནུབ་ནས1བཅས་ཡིན་པ་རེད། ད་ལྟའི་ཆར། ཟི་ལིང་གིས་གསར་དུ་འཛུགས་སྐྲུན་བྱས་པའི་མཱ་ཧྥང་སྤྱི་ཕན་རང་བཞིན་གྱི་ཚོང་ར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་དངོས་སུ་ཚོང་གཉེར་བྱེད་ཀྱི་ཡོད་པ་རེད། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་ཟན་ཧི་གྲོང་རྡལ་ཐོན་ལས་ཕྱོགས་བསྡུས་ཚོང་རའི་ལས་གཞིའི་སྤྱི་ཁོག་ལས་གྲྭ་བསྐྲུན་ཟིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚང་ར་བ་འཛུགས་སྐྲུན་བྱེད་ཡུལ་གཙོ་བོ་ནི་ཟི་ལིང་དང་མཚོ་ཤར་རེད། ད་ལོར་ཟི་ལིང་གིས་གསར་དུ་འཛུགས་སྐྲུན་བྱས་པའི་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ཚོང་ར་ལ་གནམ་གཤིས་སྲང་ལམ་སྤྱི་ཕན་རང་བཞིན་ཞིང་ལས་ཉོ་ཚོང་ར་བ། སྟོང་སྐོར་རྫོང་ལན་ལུང་ཁུ་གྲོང་རྡལ་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ར་བ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར། མཁར་བྱང་ཆུས་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར། མཚོ་ཤར་གྱིས་ཡ་རྫི་རྫོང་ཅི་ཧྲེ་གྲོང་རྡལ་གྱི་ཞིང་ལས་ཐོན་རྫས་སྣ་འཛོམས་ཚོང་ར། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཕྱོགས་བསྡུས་སྡེབ་ཚོང་ཚོང་ར་བཅས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། ད་ལྟའི་ཆར། རྣམ་གྲངས་དག་བརྟན་པོར་སྐུལ་འདེད་བྱེད་བཞིན་ཡོད་པ་རེད།

ཞིང་ཆེན་བཟོ་ཚོང་ཐིན་ཉོ་ཚོང་དང་ཚོང་ར་འཛུགས་སྐྲུན་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཕན་རང་བཞིན་གྱི་ཁྲོམ་ར་རུ། ཚོང་གཉེར་གྱི་མ་རྩ་དམའ་རུ་བཏང་ཡོད་པ་དང་། འཛད་སྤྱོད་པ་རྣམས་ཀྱིས་དེ་ལས་སྤུས་ཀ་དང་རིན་གོང་བདེ་བའི་ཤ་དང་སྔོ་ཚོད་ཉོ་ཐུབ། དུས་མཚུངས་སྤྱི་ཕན་རང་བཞིན་གྱི་ཁྲོམ་ར་སྐྲུན་སྐབས་སྲིད་གཞུང་གིས་སྔོ་ཚོད་སིལ་ཚོང་བྱེད་ཚུལ་ལ་སྙོམས་སྒྲིག་བྱེད་ནུས་འཕར་སྣོན་བྱས་པ་ཙམ་མ་ཡིན་པར། སྔོ་ཚོད་མཁོ་འདོན་བརྟན་འཇགས་ལ་འགན་སྲུང་བྱ་ཐུབ། ད་དུང་ཚད་ངེས་ཅན་ཞིག་གི་སྟེང་ཟོག་གོང་སྙོམས་བཅོག་བྱེད་པའི་ནུས་པ་ཐོན་ཐུབ། དུས་མཚུངས་སྤྱི་ཕན་རང་བཞིན་གྱི་ཁྲོམ་ར་དང་ས་གནས་དེ་གའི་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཏེ །ཞིང་བའི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་ཀྱིས་རང་རེའི་ཞིང་ཆེན་གྱི་ཚོང་རའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དང་། ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུགས་ཇེ་མགྱོགས་སུ་བཏང་སྟེ།  ཡུལ་མིའི་འཛད་སྤྱོད་ལ་སྟབས་བདེ་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

ལོ་ཙཱ་པ།རྟ་མགྲིན་དཔལ།