མགོ་ལོག་ཁུལ་གྱིས་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་དང་གནད་དོན6དག་ཐེར་གྱི་ཆེད་དོན་ཇུས་གཞིར་བཟོ་བཅོས་བྱས་ཚུལ་བསྒྲགས་པར་མ་ཟད། གནད་དོན་ལ་དབྱེ་ཞིབ་བྱས་ཏེ་མི་འདང་ས་འཚོལ་ཞིབ་དང་། ལས་རིམ་རྗེས་མར་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་ལས་བསྟན་དོན། ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་བྱ་བ་དོན་འཁྱོལ་བྱས་པར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཐེངས་མང་པོར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གིས་ངོས་འཛིན་དང་ལེན་བྱས་པའི་དག་ཐེར་གནད་དོན6ལ་རེ་རེ་བཞིན་བྱ་བའི་ཇུས་གཞི་གཏན་འབེབས་བཟོས་ཤིང་། བྱེད་ཐབས་དངོས་དོན་འཁྱོལ་བྱས་ནས་གྲུབ་འབྲས་ལེགས་པོ་བླངས་པ་རེད།  ཚོགས་འདུ་ལས་ནན་གྱིས་བསྟན་དོན།  རྫོང་སོ་སོའི་སྲིད་གཞུང་དང་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་བྱ་བར་ཚད་མཐོའི་མཐོང་ཆེན་དང་།  སྔར་ལས་ལྷག་པའི་འགན་འཁྲིའི་འདུ་ཤེས་སྔ་སེམས་ལ་བཅངས་ཏེ། གནད་དོན་ཡོད་ཚད་དག་ཐེར་གནད་དུ་འཁེལ་བ་བྱེད་པ་དང་། དེ་དང་ཆབས་ཅིག་ཏུ།  བྱ་བའི་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱས་པ་མི་ལེགས་སར་རྩད་གཅོད་ནན་པོ་བྱ་དགོས་ཟེར།

ཚོགས་འདུ་ལས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚུར་ལན་བསམ་འཆར་དག་ཐེར་ལག་བསྟར་ཇུས་གཞི》ལས་གཏན་འཁེལ་བྱས་པའི་དག་ཐེར་དམིགས་ཡུལ་དང་། དག་ཐེར་བྱེད་ཐབས།  དག་ཐེར་དུས་བཀག་གི་རེ་བར་ནན་པོར་གཞིགས་ནས།  དག་ཐེར་དམ་འཛིན་བྱེད་པ་དང་། ཁུལ་ཡོངས་ཀྱི་གནད་དོན་དྲུག་གི་དག་ཐེར་བྱ་བ་ཚད་གཞི་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས་པའི་རེ་བ་བཏོན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།