མང་རྫོང་གི་ནོར་གནག་འཕེལ་རྒྱས་ཐོན་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོར་རང་ཞིང་གིས《ནོར་ནག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བཀོད་སྒྲིག་དང་སྤྱི་ཡོངས་དམིགས་འབེན་གསལ་པོ་བྱས་ཏེ།2025 ལོའི་བར་དུ་བརྩོན་ལེན་བྱ་དགོས་པ་བཏོན། མཚོ་སྔོན་རྒྱལ་ཡོངས་ཀྱིས་ནོར་གནག་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་ཁུལ། རྒྱལ་ཡོངས་ཀྱི་སྐམས་ཤ་ཐོན་སྐྱེད་བྱེད་སའི་རྟེན་གཞི་གཙོ་བོ་དང་ལས་སྣོན་རྟེན་གཞི་བཙུགས་ཏེ། མཚོ་སྔོན་ནོར་གནག་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ནོར་གནག་ཐོན་ལས་ཁྲོད་ཀྱི་ལྟེ་བ་ཡིན་པའི་གོ་གནས་སུ་འཇོག་དགོས།

ཞིང་ཆེན་ཡོངས་ནས་ཆེས་ཆེ་ཤོས་ཀྱི་ཞིང་འབྲོག་སྣོལ་མ་འདྲེས་ཁུལ་དང་ཕྱུགས་ལས་ཁུལ་དང་པོ་ཡིན་པ་ཆ་ནས་བཤད་ན། ནོར་གནག་ཐོན་རྫས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེ་ཤོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཐོན་ལས་ཤིག་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ཐུབ་པའི་དངོས་པོའི་ཐོན་ཁུངས་དང་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་ཡང་ཡིན།

མང་རྫོང་ནི་ཞིང་ཆེན་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ལོ་ངོ་མང་པོའི་ལག་ལེན་བརྒྱུད་ནོར་གནག་ཐོན་ལས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་མ་ཟད། “ རྩྭ་འདེབས་ཕྱུགས་གསོ་དང་། སྣོད་བཅུད་སྲུང་སྐྱོང་། མོ་ཕྱུགས་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ། ཕྱུགས་རིགས་འཁོར་རྒྱུགས” ཀྱི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་།“ འབྲོག་ལས་ཁུལ་ཆེ་གྲས་ཤིག་བཏོད་པ” བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཤུགས་ཆེན་པོའི་སྒོ་ནས་ནོར་གནག་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་དང་“ འབྲུ་རིགས་གཟན་དུ་བསྒྱུར་བ” ཡི་ཚོད་ལྟའི་ལས་དོན་ལག་བསྟར་བྱས་ཏེ། འདེབས་འཛུགས་བྱེད་སྟངས་གསར་པ་ཡིས་རྩྭ་ཕྱུགས་ཀྱི་འགལ་བ་ཐག་གཅོད་དང་། རྩྭ་ར་བསྡམས་ཀྱང་ཕྱུགས་གསོས་ཆོག་པ། ཕྱུགས་ཉུང་དུ་བཏང་ཡང་ཡོང་འབབ་མི་ཆག་པའི་འཁོར་རྒྱུག་བཟང་པོ་བཅས་ཀྱིས་ནོར་གནག་ཐོན་ལས་འཕེལ་རྒྱས་གཏོང་བ་ལ་རྨང་གཞི་བརྟན་པོ་འདིང་ཡོད་པ་རེད།

“ མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་གནག་ཐོན་ལས་མནའ་འབྲེལ་དཔེ་སྟོན་ཁུལ་དང་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་ནི་མང་རྫོང་ནས་བསྡུས་པ་དང་།དེ་ཡིས་མཚོ་ལྷོའི་ནོར་གནག་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ད་ལོར། ང་ཚོས་ནོར་གནག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བར་ལས་ཀའི་ལས་འགན་ཁག་བརྒྱད་གཏན་འཁེལ་བྱས་ཡོད། " ཚད་ལྡན་ཅན་གྱིས་གསོ་སྤེལ་དང་། རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན། ནོར་གནག་ཐོན་ལས་ལས་སྣོན། གཟན་རྩྭ་དང་གཟན་ཆས་ཐོན་སྐྱེད། ཚན་རྩལ་ཞབས་ཞུ་སོགས་འཛུགས་སྐྲུན་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ་དང་། ཐོན་ལས་ཐམས་ཅད་གཅིག་ཏུ་འབྲེལ་བའི་སྒྲོམ་གཞི་གྲུབ་པ་རེད། ཕྱིས་སུ།  ང་ཚོས་ནོར་གནག་ཁྲི་གཉིས་ལྷག་གི་གསོ་སྤེལ་རྟེན་གཞི་དང་། ནོར་གནག་སྟོང6ལྷག་གི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་གི་ནོར་གནག་བརྗོད་བྱ་གཙོ་བོའི་སྤྱི་གླིང1 གཏོད་རྒྱུ་ཡིན།”ཞེས་ཀྲང་ཧྲིན་གྱིས་བཤད།


ལོ་ཙཱ་པ།རྟ་མགྲིན་དཔལ།