མང་རྫོང་གིས་རིག་གནས་དང་ལུས་རྩལ་ཡུལ་སྐོར་བཅས་ཕྱོགས་བསྡུས་སྒོས་འཕེལ་རྒྱས་སུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མང་རྫོང་གི་རྫོང་དཔོན་གཞོན་པ་ལིའི་ཡུས་ཆན་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུང་དོན། མང་རྫོང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱ་གཞག་བཅས་ཚད་མཐོའི་ཕྱོགས་བསྡུས་གོང་འཕེལ་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ལོ་འདི་དག་གི་ནང་དུ།  རྒྱུན་ཆད་མེད་པར་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གསར་སྤེལ་ལ་ཤུགས་སྣོན་བྱས། ལོ་རྒྱུས་ཀྱི་རྗེས་ཤུལ། རང་བྱུང་གི་རྣམ་པ། རིག་རྩལ་བྱེད་སྒོ་སྤེལ་བ་སོགས་ཀྱི་རིག་གནས་གྲུབ་ཆ་རྒྱབ་ལྗོངས་སུ་བྱས་ནས། མངོན་མེད་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་། ཕྱོགས་ཡོངས་ནས་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་འགུག་ཤུགས་ཇེ་ཆེར་གཏང་དགོས་ཞེས་བསྟན།

“ང་ཚོས་ཕྱི་རོལ་ལུས་རྩལ་གྱི་ཆེད་ལས་འགྲན་བསྡུར་བྱེད་ཐབས་འདི་ཡིས། མང་རྫོང་གི་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་དང་དྲིལ་བསྒྲགས། མི་རིགས་ཀྱི་ཡུལ་སྲོལ་དང་ས་ཁོངས་ཀྱི་ཁྱད་ཆོས་དང་། རིག་གནས་ཡུལ་སྐོར་བྱེད་པ་སོགས་ཀྱི་སེམས་ནང་གི་ཆེས་སྐྱིད་པའི་གནས་སུ་གྱུར། འདི་ལྟ་བུའི་རིག་གནས་འགྲན་བསྡུར་བྱེད་སྒོ་སྤེལ་བ་བརྒྱུད་ནས། ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། རྫོང་ཁོངས་ལ་དཔལ་འབྱོར་འཕར་ས་གསར་པ་བསྐྲུན་དགོས།”ཞེས་ལི་ཡེ་ཆིན་གྱིས་བཤད། 

ལོ་ཙཱ་པ།རྟ་མགྲིན་དཔལ།