དམར་གཙང་ཁུལ་གྱི་ཆུ་དོན་ཅུས་ཀྱིས་ཆུ་བེད་སྒྱུར་བཅོས་མུ་མཐུད་དུ་ཟབ་སྤེལ་བྱས་པ།

ད་ལོ་ནས་བཟུང་།  དམར་གཙང་ཁུལ་གྱི་ཆུ་དོན་ཅུས་ཀྱིས་ཆུ་བེད་སྒྱུར་བཅོས་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། “དོ་དམ་མ་དངུལ་གཏན་ཁེལ་བྱས་ཤིང་། ཚད་ལས་བརྒལ་རྗེས་རིན་སྒོར་ཁ་སྣོན་བྱེད་པ།  ”ཞེས་པའི་ཞིང་ལས་ཆུ་རིན་བསྒྱུར་བཅོས་བྱེད་སྟངས་དང་གནད་སྨིན་བྱ་དགའ་ཡི་ཁ་གསབ་ཡོད་པའི་སྲིད་ཇུས་ཁྱབ་གདལ་ཧུར་ཐག་བཏང་།   ཏ་ཧུང་ལེན་ཀོན་ཆུས་དེ་ཚོད་ལྟ་ཁུལ་དུ་བྱས་ཏེ་ཞིང་ལས་ཆུ་རིན་བསྒྱུར་བཅོས་བརྟན་པོའི་ངང་གོང་དུ་སྤེལ་ནས་ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་སྒྱུར་བཅོས་རྣམ་པ་ཆགས་ཡོད། ཆུའི་གནས་ཚུལ་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་སྐྲུན་དང་། ས་རྒྱུའི་བཞའ་རླན་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་བྱེད་སྟངས་བརྒྱུད་དེ།  ཆུ་སྤྱོད་ཚད་འཇལ་ཡང་དག་དང་ཆུ་རིན་རྩིས་བཤེར་ལ་གཞི་འཛིན་ས་མཁོ་འདོན་བྱས་པ་དང་།  ཞིང་ལས་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།